[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ནུས་རྒྱུ་གཙང་མ་འཕེལ་རྒྱས་བཏང་ནས་མཛེས་པའི་གྲོང་ཁྱེར་སྐྲུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-10

    ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཨུད་ཀྱིས་བཏོན་པའི“6677”གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་བརྟེན་ནས། དོན་དངོས་ལ་གཞི་ཚུགས་པ་དང་བརྟག་ཞིབ་གཏིང་ཟབ་བྱས་ཏེ《གཞིས་རྩེ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད(2016—2020)》རྩོམ་འབྲི་བྱས་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མ་དངུལ་གཏོང་ཤུགས་ཆེས་ཆེར་བཏང་བ། “འོད་ཤུགས+སྣོད་བཅུད་སྒྲིག་བཀོད་ཞིང་ལས”ཀྱི་ཐོན་ལས་དཔེ་སྟོན་གླིང་གཙོ་གནད་ཐོག་བསྐྲུན་ནས་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞི་མཐུན་དང་། ཤེས་དཔལ། བདེ་སྐྱིད། མཛེས་སྡུག་བཅས་ལྡན་པའི་གཞིས་རྩེ་བསྐྲུན་རྒྱུར་ལེགས་སྐྱེས་ཕུལ་ཡོད།

    468288_yis_1514963824272.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཉི་ནུས་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་ལས་དོན་པས་ཉི་ནུས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    468287_yis_1514963823336.jpg

    འདི་ནི་བསམ་སྒྲུབ་རྩེ་ཆུས་སུ་གནས་པའི་འཁོར་སྐྱོད་བྱེད་བཞིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཉི་ནུས་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་ཟུར་ཞིག་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།