[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • ཚན་རིག་ཟླ་བ་གཞོན་ནུའི་བཞིན་རས་དགོད། དཔལ་འབྱོར་གོང་འཕེལ་དབྱར་གྱི་ཆུ་གཏེར་རྒྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-01

    x0913at1.jpg

    འཆར་གཞི་ལེགས་པར་བཀོད། གནས་སྤོས་འབྲས་བཟང་སྨིན།

    433416_yis_1505193007569.jpg

    འགྲིམ་འགྲུལ་འཕེལ་རྒྱས་མྱུར། གཞུང་ལམ་གང་སར་སྦྲེལ།

    x0920ft1.jpg

    ཡུལ་སྐོར་དར་ཞིང་རྒྱས། དམངས་ཀྱི་ཡོང་འབབ་འཕར།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་ནན་པོ་བྱེད་པ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད་པ་རེད།

    འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་མང་ཚོགས་ལ་དངོས་ཕན་ཐོབ་པ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4642ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་1.8རེད། ཁྱོན་གཙོ་གནད་རྣམ་གྲངས་236བཀོད་སྒྲིག་བྱས་པ་དེ་དག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    འགྲིམ་འགྲུལ་དང་། གློག་ཤུགས། ཆུ་བེད་སོགས་རྨང་གཞིའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པས་མང་ཚོགས་ཀྱི་འཚོ་བ་དང་། དབུལ་སྒྲོལ་འགག་སྒྲོལ། ཡུལ་སྐོར་གསར་སྤེལ། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་འཛུགས་སྐྲུན་སོགས་ཐད་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་ཏེ་རང་ལྗོངས་ཀྱི་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་པ་རེད།

    ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གི་སྦྲེལ་མཐུད་ཆུ་ཚད་དང་ཕྱོགས་བསྡུས་འགན་ལེན་ནུས་པ་ཇེ་མཐོར་ཕྱིན་ཏེ་ལྷ་ས་ནས་ཉིང་ཁྲི་བར་དང་། གཞིས་རྩེ་གནམ་ཐང་ནས་བསམ་གྲུབ་རྩེ་ཆུས་བར། གོང་དཀར་གནམ་ཐང་ནས་རྩེད་ཐང་བར་བཅས་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་པ་དང་། ལྗོངས་ཡོངས་སུ་སྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་རིམ་མཐོའི་གཞུང་ལམ་སྤྱི་ལེ་739ཟིན་པ་དང་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.25ཟིན་ཡོད་པ་རེད། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་གཞི་རྩའི་ཆར་ཆགས་ནས་མང་ཚོགས་ཕྱིར་སྐྱོད་དང་ཚོང་དོན་འགྲོ་རྒྱུག་ཐད་སྔར་བས་སྟབས་བདེ་རུ་ཕྱིན་ཡོད། མཚོ་བོད་དང་ཁྲོན་བོད་གློག་དྲ་དྲ་སྦྲེལ་ཐུབ་ནས་གློག་དྲ་གཙོ་བོ་ཁྱབ་ཚད་རྫོང་58བར་མང་དུ་ཕྱིན་ཏེ་བོད་དབུས་གློག་དྲར་གློག་སྒོ་བརྒྱབ་ནས་གློག་ཚོད་འཛིན་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།

    ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། 2015ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ལས་བརྒལ་བ་དང་། ཆུ་དང་གློག་གིས་གཙོ་བོར་བྱས་པའི་ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ཡུལ་སྐོར་ལས་རིགས་སྣེ་འདྲེན་དུ་བྱས་པའི་དེང་རབས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། 2016ལོར་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སོ་སོར་མི་ཐེངས་ཁྲི་2300དང་སྒོར་དུང་ཕྱུར་330.75ཟིན་ཡོད།

    གནད་སྨིན་ཇུས་བསྟར་གྱིས་དབུལ་པོའི་རྩ་བ་བཀོག རྣག་ཐོག་གཙག་འཁེལ་གྱིས་དབུལ་པོ་སྒྲོལ་ཐབས་བྱས།

    “ལོ་མཇུག་ཏུ་མི་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་ཁྲི་1.13བྱུང་བ་དེ་ནི་ཞིབ་པར་རྩིས་ན་ལོ་10གོང་མཉམ་ལས་ཁང་བཙུགས་མ་ཐག་སྐབས་ཀྱི་ལྡབ་28རེད”ཅེས་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཕག་གཡུ་འབྲོག་པའི་མཉམ་ལས་ཁང་གི་ལས་འཛིན་པ་གཞོན་པ་བུ་བདེས་བཤད་པ་དང་། ཁོང་གིས་གྲོང་ཚོ་ཡོངས་སྔ་ས་ནས་དབུལ་སྒྲོལ་ཐུབ་པ་མ་ཟད། ད་དུང་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་དང་སྨན་དོན་ཁང་ཡང་བཙུགས་ཡོད་ཅེས་བཤད།

    ད་ཆ་གངས་ལྗོངས་ས་གཞི་ཆེ་མོའི་ཐོག་མཉམ་ལས་ཁང་ལ་བརྟེན་ནས་སྤུས་རྟགས་གཏོད་པ་དང་། ཞིང་འབྲོག་པའི་འདེབས་གསོ་འཕེལ་རྒྱས་བཏང་བ། གྲོང་གསེབ་ཡུལ་སྐོར་གཉེར་སྐྱོང་བྱས་པ། མི་རིགས་ལག་ཤེས་བཟོ་ལས་གསར་སྤེལ་བྱས་པ་བཅས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དེ་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི“དཀའ་གནད་ཕྱོགས་སུ”གདོང་མཆོང་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་སྤྱི་ཁྱབ་བཀོད་འདོམས་པུས་གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་གྲོང་ཁྱེར་དང་ས་ཁུལ་3གཙོ་གནད་དུ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ཁྲོད་ནས་རྫོང(ཆུས)36གཙོ་བོར་བྱས་པའི་རིགས་དབྱེའི་ཇུས་བསྟར་ཇུས་གཞི་གཏན་འཁེལ་བྱས་པ་རེད། ལྗོངས་ཡོངས་ཀྱི་དུད་ཚང་དབུལ་པོ་ཁྲི་14.8ལྷག་ཙམ་ཚང་མར་དམིགས་ས་ཡོད་པའི་སྒོ་ནས་དབུལ་སྒྲོལ་འཆར་གཞི་བཟོས་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་མི་ཁྲི་23.8ལ་ཐོན་སྐྱེད་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་། མི་ཁྲི་26.3ལ་གནས་སྤོས་དབུལ་སྐྱོར་ལག་བསྟར་བྱས་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། མི་ཁྲི་26.2ལ་སྣོད་བཅུད་ཁ་གསབ་སྤྲད་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། མི་ཁྲི་18.9ལ་སློབ་གསོ་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། མི་ཁྲི་24.4ལ་སྤྱི་ཚོགས་ཀྱི་མཐའ་སྐྱོང་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད།

    x0920at1.jpg

    གཙོ་གནད་ལས་གྲྭའི་འཕེལ་རིམ་མྱུར། ལྷ་ཉིང་མྱུར་ལམ་དུས་ལྟར་བསྒྲུབས།

    435114_yis_1505624215545.jpg

    གཞིས་རྩེའི་གནམ་ཐང་མྱུར་ལམ་ལས། འགྲིམ་འགྲུལ་འཕེལ་རྒྱས་གློག་ལྟར་མྱུར།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།