[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • གྲོ་ཚང་མདའ་རྩེད་ལ་གཞན་དང་མི་མཚུངས་བའི་ཁྱད་ཆོས་ལྡན།

  • ཡོང་ཁུངས།   ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།    |    རྩོམ་པ་པོ།      |    སྤེལ་དུས།   2017-02-03

    གནམ་ལོ་གསར་བའི་སྐབས་འདིར་ཡུལ་ཕྱོགས་སོ་སོའི་རིགས་སོ་སོས་རྩེད་མོ་སྣ་ཚོགས་པ་བཀོད་སྒྲིག་བྱས་ཏེ་དགའ་བའི་དུས་སྟོན་ལ་རོལ་བཞིན་ཡོད་པ་དང་། ལྷག་པར་ཏུ་ང་ཚོ་བོད་ཀྱི་ས་ཆ་སོ་སོ་ནས་གླུ་ལེན་གར་རྩེད་བྱེད་པ་ལས་གཞན་མེད་དུ་མི་རུང་བ་ནི་མདའ་རྩེད་ཡིན་པ་དང་། མདའ་རྩེད་ལ་མཚོན་ན་ང་ཚོ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་གལ་ཆེན་ཤིག་ཡིན་ལ། ལྷག་པར་དུ་དུས་སྔ་མོ་ནས་ག་ས་གང་དུ་ཧ་ཅང་དར་ཁྱབ་ཆེ་ལ་མི་རྣམས་དགའ་མོས་ཆེ་བའི་ལུས་རྩལ་གྱི་རྣམ་པ་ཤིག་ཀྱང་ཡིན། དེ་བཞིན་དུ་གྲོ་ཚང་ས་ཆར་མཚོན་ན་ཡང་གཞན་དང་འདྲ་བར་མདའ་རྩེད་རིག་གནས་འདི་དར་ཁྱབ་ཤིན་ཏུ་ཆེ། དེ་མིན་གྲོ་ཚང་ས་ཆའི་མདའ་རྩེད་ལ་གཞན་དང་མི་མཚུངས་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོ་ཚོའི་མདའ་རྩེད་ཀྱི་གོ་རིམ་ནི་མདའ་འཕངས་སྟེ་རྒྱལ་ཕམ་རྩོད་བ་ཙམ་མ་ཡིན་པར། མདའ་འཕེན་པའི་གོ་རིམ་ཁྲོད་གླུ་ལེན་གར་རྩེད་སོགས་འདྲེས་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཆ་ལུགས་དེ་རྒྱུན་འཛིན་གང་ལེགས་བྱས་ཡོད་པ་དང་། མདའ་རྩེད་ཀྱི་གོ་རིམ་ཁྲོད་མདའ་བའི་མཐེབ་རྩལ་འགྲན་པ་ལས་གཞན་གྲོ་ཚང་ས་ཁུལ་ལ་དར་ཁྱབ་ཆེ་བའི་གླུ་དང་གར་གཉིས་ཟུང་འབྲེལ་བྱེད་པ་བརྒྱུད་དེ་གནའ་བོའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་བྱེད་བཞིན་ཡོད་པ་རེད།

    W020170130412915321669.jpg

    མདའ་འཕེན་རུ་ཁག

    W020170130412915460324.jpg

    མདའ་པ།

    རྒྱུས་ལོན་པ་ལྟར་ན་གྲོ་ཚང་མདའ་འཕེན་ཚོགས་པ་འདིས་རང་ས་གནས་ཀྱི་ཐུན་མིན་རིག་གནས་དང་རིག་རྩེད་རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཆེད་སྔ་རྗེས་སུ་ཞིང་ཆེན་ནང་ཁུལ་གྱི་མདའ་རྩེད་འགྲན་བསྡུར་གང་མང་ལ་ཞུགས་ནས་གྲུབ་འབྲས་མི་དམན་པ་བླངས་མྱོང་། ད་ལོའི་ལོ་གསར་གྱི་སྐབས་འདིར་ཁོང་ཚོས་ཀྱང་རང་སྡེ་བའི་ནང་མདའ་རྩེད་གཙོ་བྱས་པའི་རིག་རྩལ་བྱ་འགུལ་སྤེལ་ཏེ་ལོ་གསར་རོལ་བཞིན་ཡོད་ལ། མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སྡེ་མི་མཐུན་སྒྲིལ། རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་སོགས་ཕྱོགས་གང་ཅིས་ཐད་ནས་ནུས་པ་འདོན་བཞིན་ཡོད།

    W020170130412915508398.jpg

    ས་གནས་གཞན་དང་མི་འདྲ་བའི་རྩེད་སྲོལ།

    W020170130412915549997.jpg

    བཀྲ་ཤིས་འཇོག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།