[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

སྲོལ་རྒྱུན་གྱི་ཆུ་ཤུགས་སྣུམ་འཚག་ཁང་གིས་གྲོང་གསེབ་ཡུལ་སྐོར་ལ་རམ་འདེགས་བྱས་པ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2020-02-17 20:19

  ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ལི་ཅཱ་གྲོང་རྡལ་གྱིས་ཉམས་བཟོ་བྱས་རྗེས་ཀྱི་གནའ་བོའི་ཆུ་ཤུགས་སྣུམ་འཚག་ཁང་གིས་2019ལོའི་དགུན་དུས་ཀྱི་སྲོལ་རྒྱུན་སྣུམ་འཚག་ཁང་གི་སྣུམ་དང་པོ་དེ་བཙགས་པ་རེད། ས་གནས་དེ་གའི་སྲོལ་རྒྱུན་གྱི་གནའ་བོའི་སྣུམ་འཚག་སྟངས་ནི་སྔོན་ལ་ཇ་འབྲུ་སྒྲུག་པ་དང་། དེ་ནས་ཇ་འབྲུའི་ཕྱི་ལྤགས་བཤུ་བ། དེ་རྗེས་ཆུ་ཤུགས་སྣུམ་འཚག་ཁང་གི་ཆུ་འཁོར་ལ་བརྟེན་ནས་ཤིང་གི་ཐོ་བས་ཇ་འབྲུ་རྫོག་གི་ཡོད། དེ་ནས་ཇ་འབྲུ་ཧྲུག་ཧྲུག་རྔོ་བ་དང་། འཐག་པ། རླངས་བཙོས་རྒྱག་པ། བག་ལེབ་གཟུགས་ལ་གནོན་པ་བཅས་བྱེད་ཀྱི་ཡོད། མཐར་ཇ་འབྲུའི་བག་ལེབ་དེ་བཙིར་ནས་སྣུམ་འདོན་པ་དང་སྣུམ་དྭངས་སྙིགས་འབྱེད་ཀྱི་ཡོད། འདི་ནི་གནའ་བོའི་ཇ་སྣུམ་བཟོ་སྟངས་རེད།   

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།