[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

གཞིས་རྩེ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”རྟེན་འབྲེལ་གཟབ་རྒྱས་ཞུས་པ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2019-12-07 21:04

  ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མཉམ་གཏོད་མཉམ་སྤྱོད་གཅིག་སེམས་གཅིག་ལ་གཏད”ཅེས་བརྗོད་དོན་གཙོ་བོར་བྱས་ནས་གཅིག་སྡུད་དྲིལ་བསྒྲགས་དང་། རིག་རྩལ་སྐོང་འཁྲབ། མི་ཁྲིའི་མིང་བཀོད་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་ཉིན་མོར”རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་ཐད་གཅིག་སྡུད་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཡོད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།