[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2019-08-19 02:13

  ལིའུ་ཁྲའོ་ནི་1982ལོར་ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་ཡུང་ཏིང་ཆུས་ཆའོ་ཐོའུ་ཤང་ཞུང་ཅ་ལུའོ་གྲོང་ཚོར་སྐྱེས་པ་དང་། 1997ལོར། ལིའུ་ཁྲའོ་ཕ་ཡུལ་དང་གྱེས་ནས་ཁ་སྦུག་གསོ་རིག་སྦྱངས། སློབ་གྲྭ་ནས་ཐོན་རྗེས། ཁོང་གིས་ཀྲང་ཅ་ཅེའི་སྨན་སྦྱོར་ཁང་ཞིག་ཏུ་ལས་ཀ་བྱེད་ཞོར་སྨན་སྦྱོར་ཁང་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ནས་སྨན་སྦྱོར་ཁང་ཞིག་གཉེར། 2014ལོར་ལིའུ་ཁྲའོ་ཡིས་རང་ཉིད་ལ་དབང་པའི་སྐྱེ་དངོས་སྨན་སྦྱོར་ཀུང་སི་ཞིག་བཙུགས། ཁོང་གིས་གལ་སྲིད་སྨན་རྩྭ་འདེབས་འཛུགས་དང་། ཚན་རིག་ཞིབ་འཇུག ལས་སྣོན་གཏིང་ཟབ། ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་མ་བཏོད་པར་སྨན་རྒྱུ་ཕྱིར་ཚོང་ཙམ་བྱས་ནས་བསྡད་ཚེ་ཁྲོམ་རས་འདོར་ཉེན་ཆེ་བར་བསམས་ཏེ། ཕ་ཡུལ་དུ་ལོག་ནས་ཀྲུང་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ཞིག་བཙུགས་པ་རེད། 2018ལོའི་བར། ལིའུ་ཁྲའོ་ཡིས་ཀྲང་ཅ་ཅེ་གྲོང་ཁྱེར་ཡུང་ཏིང་ཆུས་ཆའོ་ཐོའུ་ཤང་གི་གྲོང་ཚོ་གསུམ་དུ་ཀྲུང་ལུགས་གསོ་རིག་གི་སྨན་རྩྭ་དང་ཇ་ལོ་འདེབས་འཛུགས་རྟེན་གཞི་མུའུ་864བཙུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།