[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

ཤིན་ཅང་གི་ཨའེ་ཏེ་ལེ་སིའི་ཐོན་ཡུལ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2018-12-09 17:30

  ཨའེ་ཏེ་ལེ་སི་ནི་ཤིན་ཅང་གི་སྲོལ་རྒྱུན་ཁྱད་ལྡན་ལག་ཤེས་བཟོ་ལས་ཀྱི་འཁེལ་འཐག་ཐོན་རྫས་ཤིག་རེད། ཚོན་མདོག་རྣམ་པར་བཀྲ་བའི་དབང་གིས་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་དང་དེའི་ལག་བཟོའི་ཚོས་འཐག་ལག་རྩལ་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོར་བཅུག་ཡོད།   ཐ་ཁ་ལ་མ་ཀན་བྱེ་ཐང་གི་མཐའ་འཁོར་དུ་གནས་པའི་ཅི་ཡ་ཤང་ནི་ཤིན་ཏུ་དབུལ་བའི་ཤང་ཞིག་ཡིན་པ་དང་དུས་ཡུན་རིང་པོའི་ནང་ས་ཆ་དེ་ནས་ཨའེ་ཏེ་ལེ་སི་ཐོན་གྱི་ཡོད། ཉེ་བའི་ལོའི་རིང་ས་གནས་དེ་གའི་སྲིད་གཞུང་གིས་བཟོ་གྲྭ་བསྐྲུན་པ་དང་། འཁལ་འཐག་འཕྲུལ་འཁོར་སྤྲད་པ། གསོ་སྦྱོང་གཉེར་བ། གྲོང་ཚོའི་འཇོན་ཐང་ཆེ་བའི་མི་སྣ་ཚོགས་འགྲེམས་ལ་ཞུགས་པ་དང་། དྲ་ཐོག་ཚོང་ཁང་བཙུགས་པ། ཁེ་ལས་གཉེར་བ་བཅས་བྱས་པས་གྲོང་མི་དེ་བས་མང་བར་ཨའེ་ཏེ་ལེ་སིའི་ཐོན་ལས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་རྒྱུ་བྱུང་ནས་དབུལ་སྒྲོལ་གྱི་ཕྱུག་འགྱུར་ལམ་དུ་བསྐྱོད་ཡོད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།