[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

སྤུ་ཕྲུག་ལྷ་ཡི་ཕྱག་རྩལ། ཐགས་སུ་མཛེས་པའི་གྲ་ནང་།

ཡོང་ཁུངས།

རྩོམ་པ་པོ།

བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། བསྟན་འཛིན་གཡུ་སྒྲོན། ལྷག་པ་ཚེ་རིང་།

སྤེལ་དུས།

|

2018-12-09 17:30

  ཟླ་9ཚེས་19ཉིན། 2018ལོའི་གྲ་ནང་སྣམ་བུའི་རིག་གནས་དུས་ཆེན་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བྲག་དམར་མགྲིན་བཟང་དུ་གཉེར་ཞིང་། གྲ་ནང་རྫོང་ཨུད་དང་གྲ་ནང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བྱེད་སྒོ་འདིའི་དམིགས་ཡུལ་ནི། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པ་གོ་སྐབས་སུ་བྱས་ཏེ། གྲ་ནང་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཀྱི་གྲགས་ཅན་རྫོང་ཞིག་ཏུ་གཏོད་རྒྱུ་དང་། ལྷ་ས་དང་ལྷོ་ཁ་གཞི་གཅིག་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་ཡར་ཀླུང་གཙང་པོའི་ངོགས་ཀྱི་ཐོན་ལས་བར་ཁྱམས་སྐྲུན་པ་དང་། རིག་གནས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ཏེ། རིག་གནས་ཀྱི་དམངས་ཕན་འདུ་འགོད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཁྱབ་རྒྱ་ཆེ་བའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དམངས་གཞས་ཀྱི་རྒྱུན་འཛིན་པ་དང་། ཕུལ་བྱུང་དམངས་གཞས་སྔར་ལས་ལྷག་པའི་སྒོ་ནས་འཚོལ་ཞིབ་དང་དར་སྤེལ་བཏང་སྟེ། མི་དམངས་ཀྱི་བསམ་པའི་དགོས...

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།