[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།  གཟའ་འཁོར་རེའི་མཐོང་ཚོར།

བོད་ཀྱི་མཐོ་གྲང་མཐའ་མཚམས་རྫོང་དུ་གཅིག་སྡུད་བསྙེན་བཀུར་ཞབས་འདེགས་སྤུས་ལེགས་ཞུ་བ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2018-08-15 17:05

  བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ནི་མཐོ་ལ་གྲང་ངར་ཆེ་བའི་དཔེ་མཚོན་གྱི་མཐའ་མཚམས་རྫོང་ཞིག་ཡིན་པ་དང་དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ཟིན་གྱི་ཡོད། མཚོ་སྣ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་གྱི་ཞབས་ཞུའི་ལྟེ་གནས་སུ་ཆ་སྙོམས་ལོ་68སླེབས་པའི་རྒན་རྒོན་94དེ་གར་བསྙེན་བཀུར་ཞབས་འདེགས་ལོངས་སུ་སྤྱོད་བཞིན་ཡོད། གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་དེ་ནི་རྫོང་དམངས་སྲིད་ཅུས་ཁོངས་གཏོགས་ཀྱི་བྱ་གཞག་ཕན་བདེའི་ཚན་པ་ཞིག་ཡིན་པ་དང་། 2015ལོར་དངོས་སུ་སྤྱོད་འགོ་ཚུགས། ལྷོ་ཁ་གྲོང་ཁྱེར་གྱི་ཕན་བདེའི་སྒྲིག་གཞིའི་ཚད་ལྡན་ཅན་གྱི་དོ་དམ་བླང་བྱ་གཞིར་བཟུང་། ལྟེ་གནས་དེས“རྒས་དུས་གསོ་མཁན་ཡོད་པ་དང་། རྒས་དུས་རྟེན་ས་ཡོད་པ། རྒས་དུས་སྤྲོ་སྣང་འཕེལ་བ། རྒས་དུས་སྨན་བཅོས་ཐུབ་པ”བཅས་ཀྱི་ཁོར་ཡུག་ཧུར་ཐག་བཏོད་དེ་རྒན་རྒོན་ཚོའི་ཟ་སྡོད་སྐྱོད་གསུམ་གྱི་དགོས་མཁོ་སྐོང་གི་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།