[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>འཛམ་གླིང་པར་རིས།
  • ཕྱི་རྒྱལ་གྱི་ཚོང་པས་ཀྲུང་ལུགས་གསོ་རིག་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་མྱོང་རོལ་གྱིས་ཀྲུང་ལུགས་གསོ་རིག་གི་རིག་གནས་བརྒྱུད་སྤེལ་བ་ཧུར་ཐག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-02

    695569_yis_1577775580189_s.jpg

    ཟླ་12ཚེས་28ཉིན་གྱི་སྔ་དྲོར། ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་སན་ཤིས་ཐང་གི་རྒྱལ་སྤྱིའི་ཀྲུང་ལུགས་གསོ་རིག་བདེ་ཐང་ལུས་གསོ་དུས་ཆེན་སྐབས་དང་པོ་དང་དཀར་པོ་ཆིག་ཐུབ་དུས་ཆེན་སྐབས་13པའི་ཐོག་ཨུ་རུ་སུ་དང་། པར་ཙིར། དབྱི་རན་སོགས་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཚོང་པའི་འཐུས་མི་30ཙམ་གྱིས་ཡུལ་དངོས་སུ་ཀྲེ་ཅང་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ཏེ། ཀྲུང་ལུགས་སྨན་བཟོ་སྟངས་དངོས་སུ་མྱོང་རོལ་གྱིས་རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་གོའི་ཀྲུང་ལུགས་གསོ་རིག་སྦྱངས་ནས་ཀྲུང་ལུགས་གསོ་རིག་གི་རིག་གནས་བརྒྱུད་སྤེལ་བ་ཧུར་ཐག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་ཀྲུང་ལུགས་གསོ་རིག་བདེ་ཐང་ལུས་གསོ་དུས་ཆེན་སྐབས་དང་པོའི་ཐོག་ལོ་འཁོར་མོའི་ཀྲེ་ཅང་དབུས་རྒྱུད་ས་ཁུལ་གྱི“དཀར་པོ་ཆིག་ཐུབ་ཀྱི་རྒྱལ་པོ”འགྲེམས་སྟོན་བྱེད་པ་དང་། ཀྲུང་ཕྱིའི་སྐུ་མགྲོན་གྱིས་ལྟ་མྱོང་བྱེད་པ། འཚོ་བཅུད་ཆེ་བའི་སྨན་ཐང་སྐོལ་བ་སོགས་ངོ་མཚར་ཆེ་བའི་ལེ་ཚན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།