[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>འཛམ་གླིང་པར་རིས།
  • ཧྥི་ལི་ཕིན་གྱི་ཤིང་ཏོག་ངང་ལག་ཀྲུང་གོར་ཕྱིར་འཚོང་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-26

    མན་ལན་ལའོ་གླིང་ཕྲན་ནི་ཚ་ཁུལ་དུ་གནས་པ་དང་ཧྥི་ལི་ཕིན་དུ་སྐད་གྲགས་ཆོད་པའི“ཤིང་ཏོག་ངང་ལག་ཐོན་ཡུལ”ཡིན་པས་དེ་གར་འདེབས་འཛུགས་ལྡུམ་ར་ཧ་ཅང་མང་པོ་ཡོད། པེ་ཏཱ་ཝོ་ཞིང་ཆེན་དུ་རྒྱ་ཁྱོན་སྤྱི་ཆིང་6ཙམ་ཡོད་པའི་ཤིང་ཏོག་ངང་ལག་འདེབས་འཛུགས་ལྡུམ་ར་ཞིག་ཡོད་ཅིང་། དེ་གའི་ཞིང་པ་ཚོས་གཟའ་འཁོར་གཅིག་ནང་ཕྱི་ལྤགས་སྔོན་པོ་ཡིན་ལ་ཆེན་པོ་ཡོད་པའི་ཤིང་ཏོག་ངང་ལག་ཉུང་མཐར་ཡང་ཏུན་60འཐུ་གི་ཡོད། དེ་ནས་ཁོང་ཚོས་རིགས་དབྱེ་བ་དང་། གཙང་བཤལ་བཏང་བ། ཐུམ་སྒྲིལ་རྒྱག་པ་བཅས་བྱས་རྗེས་ཀྲུང་གོར་ཕྱིར་གཏོང་བྱེད་པ་དང་གཟའ་འཁོར་གཅིག་རིང་མཚོ་ལམ་བརྒྱུད་དེ་ཀྲུང་གོའི་གྲོང་མི་ཁྲི་སྟོང་མང་པོའི་ཞལ་ནང་སླེབས་ཀྱི་ཡོད་པ།

    568844_yis_1542686445867_b.jpg

    འདི་ནི་བཟོ་པ་ཚོས་ཧྥི་ལི་ཕིན་གྱི་པེ་ཏཱ་ཝོ་ཞིང་ཆེན་གྱི་འཁོར་ཁང་ནང་ཤིང་ཏོག་ངང་ལག་ཐུམ་རྒྱག་བཞིན་པ།

    568843_yis_1542686445571_b.jpg

    འདི་ནི་བཟོ་པ་ཞིག་གིས་ཧྥི་ལི་ཕིན་གྱི་པེ་ཏཱ་ཝོ་ཞིང་ཆེན་གྱི་འཁོར་ཁང་ནང་ཤིང་ཏོག་ངང་ལག་གཅོད་བཞིན་པ།

    568845_yis_1542686446148_b.jpg

    འདི་ནི་བཟོ་པ་ཞིག་གིས་ཧྥི་ལི་ཕིན་གྱི་པེ་ཏཱ་ཝོ་ཞིང་ཆེན་གྱི་འཁོར་ཁང་ནང་ཤིང་ཏོག་ངང་ལག་གཙང་བཤལ་བཏང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།