[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • ལྷ་ཉིང་ལྕགས་ལམ་གྱི་གློག་རླངས་ཅན་གྱི་ཨར་སྐྲུན་ཕྱོགས་ཡོངས་ནས་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-08

    མིག་སྔར། ལྷ་ཉིང་ལྕགས་ལམ(ལྷ་ས་ནས་ཉིང་ཁྲིའི་བར)གྱི་གློག་རླངས་ཅན་གྱི་ཨར་སྐྲུན་ཕྱོགས་ཡོངས་ནས་འགོ་ཚུགས་པ་དང་། ཟླ་1ཚེས་3ཉིན་བར་ལྷ་ཉིང་ལྕགས་ལམ་ཧྲིལ་པོའི་གློག་དྲའི་གློག་ཤིང་76%བཙུགས་ཟིན་ཡོད། ལྷ་ཉིང་ལྕགས་ལམ་གྱི་ལམ་ཚད་ཧྲིལ་པོར་སྤྱི་ལེ་435.48དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད།

    697600_yis_1578372550393_s.jpg

    འདི་ནི་ཟླ་1ཚེས་3ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཚོགས་པའི་ཤིས་ཨན་གློག་འགྱུར་ཀུང་སིའི་ལས་མིས་གློག་རླངས་ཅན་གྱི་ཨར་སྐྲུན་བྱེད་བཞིན་པ།

    697599_yis_1578372550143_s.jpg

     འདི་ནི་ཟླ་1ཚེས་1ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཚོགས་པའི་ཤིས་ཨན་གློག་འགྱུར་ཀུང་སིའི་ལས་མིས་ཡར་ཀླུང་གཙང་པོའི་མིང་རྩེད་ཟམ་ཆེན་དུ་གློག་རླངས་ཅན་གྱི་ཨར་སྐྲུན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།