[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • རྒྱལ་སྟོན་གུང་གསེང་རིང་གི་འགྲོ་ས་ཡག་པོ་ཞིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    666864_yis_1570080393777.jpg

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། རྒྱལ་སྟོན་གུང་གསེང་རིང་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དང་། ནོར་བུ་གླིང་ཁ། ལྷོ་རིའི་སྤྱི་གླིང་། ཆུ་མིག་ལམ་འདམ་རའི་སྤྱི་གླིང་བཅས་སུ་རིག་རྩལ་འཁྲབ་སྟོན་དང་། ཁྱད་ལྡན་ཐོན་ཟོག་གི་ཚོང་འདུས། ཡིག་གཟུགས་འགྲེམས་སྟོན། ལྷ་མོ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། དེའི་ནང་གསར་དུ་སྒོ་ཕྱེ་བའི་ཆུ་མིག་ལམ་འདམ་རའི་སྤྱི་གླིང་དུ་ཟླ་9ཚེས་30ཉིན་ནས་ཟླ་10ཚེས་4ཉིན་བར་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་གྲོང་མི་རྣམས་ལ་རྒྱལ་སྟོན་གུང་གསེང་རིང་འགྲོ་ས་ཡག་པོ་ཞིག་མཁོ་འདོན་བྱེད་རྒྱུ་ཡིན་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་འཁྲབ་སྟོན་པས་རྫོང་རྒྱབ་ཀླུ་ཁང་དུ་གྲོང་མི་དང་ཡུལ་སྐོར་བར་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།