[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • ངལ་རྩོལ་པ་ཁྲི་ཚོས་བློ་སེམས་གཅིག་མཐུན་ངང་རྒྱུན་མཐུད་ནས་རྒྱལ་དར་འཚེམ་དྲུབ་བརྒྱབ་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-26

    664612_yis_1569386586920.jpg

    ཟླ་9ཚེས་24ཉིན་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱལ་སའི་ངལ་རྩོལ་པ་ཁྲི་ཡིས་བློ་སེམས་གཅིག་མཐུན་ངང་རྒྱུན་མཐུད་ནས་རྒྱལ་དར་འཚེམ་དྲུབ་རྒྱག་པའི”གུས་གསོལ་མཛད་སྒོ་ཀྲུང་གོ་འཛུགས་སྐྲུན་ཅུས་དང་པོའི་ཀུང་སི་གཉིས་པའི་པེ་ཅིང་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གཉིས་པའི་ལས་བཟོའི་ལས་ཤག་རྣམ་གྲངས་ལས་ཡུལ་ཐོག་འགོ་བཙུགས་པ་རེད། དེ་ཉིན་ངལ་རྩོལ་དཔེ་བཟང་བ་དང་། མྱུར་སྐྱེལ་པ། ཞིང་པ་ལས་མིའི་འཐུས་མི་བཅས་ཀྱིས་རྒྱལ་དར་འཚེམ་པའི་ལས་ཀ་མཉམ་དུ་ལེགས་སྒྲུབ་བྱས་ཡོད། རིང་ཚད་ལ་སྨི་7དང་ཞེང་ཚད་ལ་སྨི་4.7ཡོད་པའི་སྐར་ལྔའི་དར་དམར་འཚེམ་དྲུབ་བརྒྱབ་པར་ཉིན་48འགོར་ཡོད། རྒྱལ་སའི་ངལ་རྩོལ་པ་ཁྲི་3ལྷག་ཙམ་གྱིས་བློ་སེམས་གཅིག་མཐུན་ངང་འཚེམ་བུ་རེ་རེ་བཞིན་བརྒྱབ་པ་དང་། འཚེམ་བུ་ཁྲི་18བརྒྱབ་རྗེས་རྒྱལ་དར་འཚེམ་དྲུབ་ཟིན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དམིགས་བསལ་གྱི་འཁྲུངས་སྐར་ཕྱག་རྟགས་ཤིག་ཕུལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།