[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • མཛེས་སྡུག་ལྡན་པའི་ཡུན་ནན་གྱི་རྣམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-15

    ཡུན་ནན་ཞིང་ཆེན་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་ཆགས་པ་དང་། རི་ཁུལ་ས་མཐོའི་ས་དབྱིབས་ཁོངས་སུ་གཏོགས་པ། ས་བབ་མཐོ་དམའི་ཧེ་བག་ཆེ་བ། དུས་མཚམས་གཅིག་གི་གནམ་གཤིས་ཁྱད་པར་ཆེ་བ་བཅས་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད། ཡུན་ནན་ཞིང་ཆེན་ལ“སྲོག་ཆགས་ཀྱི་རྒྱལ་ཁབ”དང“རྩི་ཤིང་གི་རྒྱལ་ཁབ”ཅེས་འབོད་པ་དང་མིག་སྔར་སྐྱེ་དངོས་སྣ་མང་རང་བཞིན་གྱི་འབྲེལ་ཡོད་དམིགས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་ནགས་ཚལ་ཁྱབ་ཚད་60.3%ཟིན་ནས་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡུན་ནན་ཞིང་ཆེན་གྱིས་རྗེས་ལུས་ཀྱི་ཐོན་ནུས་ཏུན་ཁྲི་2398ལྷག་ཙམ་མེད་པར་བཟོས་པས་ཞིང་ཆེན་ཡོངས་ཀྱི་ཆུ་བོའི་སྤུས་ཚད་ལེགས་ཚད་དང་ཚད་གཞི་ལོན་ཚད“ལོ་ལྔ་ཚན་བཅུ་གཅིག་པ”དང་བསྡུར་ན་བརྒྱ་ཆའི་གྲངས་14.5དང་15.5སོ་སོར་མཐོ་རུ་ཕྱིན་ཡོད། ས་མཐོའི་མཚོ་མཚེའུ་ཆེ་གྲས་9ཡི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་ཡོད་པ་དང་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད། 2018ལོར་ཧྥུའུ་ཤན་མཚོ་དང་ལུ་ཀུ་མཚོའི་ཆུའི་སྤུས་ཚད་མུ་མཐུད་Ⅰརིགས་རྒྱུན་འཁྱོངས་ཐུབ་པ་དང་། ཏེན་ཁྲི་མཚོའི་ཆུའི་སྤུས་ཚད་Ⅳརིགས་ལ་སླེབས་ནས་ལོ་30རིང་གི་ཡག་ཤོས་ཡིན་པ་རེད། གནམ་དེ་བས་སྔོ་བ་དང་། ས་དེ་བས་ལྗང་བ། ཆུ་དེ་བས་དྭངས་བ་བཅས་ཡུན་ནན་གྱིས་ལྗང་མདོག་འཕེལ་རྒྱས་ཧུར་ཐག་གཏོད་བཞིན་ཡོད།

    652383_yis_1565756692716.jpg

    འདི་ནི་ཟླ་3ཚེས་17ཉིན་མི་མེད་འཕྲུལ་ཆས་ཀྱིས་པར་བླངས་པའི་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་ཧྲི་ཀུའུ་གྲོང་རྡལ་གྱི“འབྲི་ཆུའི་ཁུག་དང་པོ”ཡིན་པ།

    652382_yis_1565756692426.jpg

     འདི་ནི་ཟླ་4ཚེས་21ཉིན་མི་མེད་འཕྲུལ་ཆས་ཀྱིས་པར་བླངས་པའི་ཡུན་ནན་ལི་ཅང་ཡུས་ལུང་གངས་རི་ལན་གཡོད་ལུང་གཞུང་གི་མཛེས་ལྗོངས་ཡིན་པ།

    652381_yis_1565756692156.jpg

     འདི་ནི་2017ལོའི་ཟླ་12ཚེས་16ཉིན་མི་མེད་འཕྲུལ་ཆས་ཀྱིས་པར་བླངས་པའི་ཉི་མ་ནུབ་ཁའི་ཡུན་ནན་ནན་ཅན་དབྱིས་རིགས་རང་སྐྱོང་རྫོང་ཝུའུ་ལེང་རི་བོའི་ཡིང་ཧྭ་ལུང་གཞུང་གི་མཛེས་ལྗོངས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།