[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • རིག་གནས་ཀྱིས་བླ་སྲོག་བསྐྲུན་། གདེང་ཚོད་ཀྱིས་ཕུགས་འདུན་གཉེར་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-06

    རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་ལས། བོད་ཀྱི་རིག་གནས་འཕེལ་རྒྱས་རྒྱལ་ཡོངས་དང་མཉམ་དུ་དུས་རབས་གསར་པར་བསླེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག བོད་ཀྱིས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་བ་དང་། རིག་གནས་ཀྱི་རང་རྟོགས་ཆེ་རུ་བཏང་བ། “ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་འཛུགས་སྐྲུན”གྱི་འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་ཏེ། “རིག་གནས་ཀྱི་འདུ་འགོད་ཆེན་པོ་བརྒྱད”ལག་ལེན་ཤུགས་ཆེན་བསྟར་ནས་རིག་གནས་སྟོབས་ཆེན་ཁུལ་གྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། ད་ཆ་སྤྱི་ལེ་ངོས་གྲུ་ཁྲི་120ཟིན་པའི་ས་མཐོའི་གང་ས་ནས་གདེང་ཚོད་དང་། སྒོ་དབྱེ། སྐྱེ་སྟོབས་ལྷག་པར་ལྡན་པ་བཅས་ཀྱི་རིག་གནས་ཀྱི་ཉམས་འགྱུར་མངོན་ཏེ་འཛམ་གླིང་ཡོངས་ལ་ངོ་མཚར་ཆེ་བའི་བོད་ཀྱི་གཏམ་རྒྱུད་ཤོད་བཞིན་མཆིས།

    རང་ལྗོངས་ཀྱིས་རིག་གནས་རྒྱུན་འཛིན་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། རིག་གནས་དང་རིག་རྩལ་ལས་དོན་པས་བརྗོད་དོན་གཙོ་བོའི་གླུ་གར་མཚན་ཚོགས་ཆེ་གྲས《གུང་ཁྲན་ཏང་སླེབས་ནས་སྡུག་བསྔལ་བདེ་ལ་འཁོད》དང་། བརྗོད་དོན་གཙོ་བོའི་མཚན་ཚོགས《ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ། དཀར་གཙང་མཇལ་དར་པེ་ཅིང་ལ་འབུལ》སོགས་ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་གསར་རྩོམ་བྱས་ནས་བཏོན་པ་དང་། གཏམ་བརྗོད་ཟློས་གར《བར་སྐོར་གྱི་སྒོ་ར་བྱང་མ》རིག་གནས་དང་ཡུལ་སྐོར་པུས་2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ལེགས་གྲས་ཀྱི་གསར་རྩོམ་རོགས་སྐྱོར་འདུ་འགོད་ཀྱི་གཙོ་གནད་རོགས་སྐྱོར་གྱི་འཁྲབ་ཚན་ཆེ་གྲས་བཅུའི་ནང་དུ་བཅུག་པ། ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཀྱི་བཟོ་སྐྲུན་འདུ་འགོད་ཁག་གཅིག་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང》དུ་བཅུག་པ། ལྷ་མོ་དང་། གླིང་སྒྲུང་། བོད་ལུགས་གསོ་རིག་གི་ལུམས་བཅོས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་ཡོད།

    636798_yis_1561615392375_s.jpg

    འདི་ནི་བྲོ་པས་གར་གྱི་སྟངས་སྟབས་ངོམ་བཞིན་པ།

    636801_yis_1561615393705_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་བོད་ལུགས་གསོ་རིག་སྨན་པ་པ་སངས་ནོར་བུས་ནད་པར་རྩ་ལྟ་བཞིན་པ།

    636802_yis_1561615394045_s.jpg

    འདི་ནི་ནང་སའི་ཡུལ་སྐོར་བས་ཆང་གི་བྲོ་བ་མྱོང་བཞིན་པ།

    636799_yis_1561615393025_s.jpg

    འདི་ནི་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་བྲོ་པས་བྲོ་འཁྲབ་བཞིན་པ།

    636800_yis_1561615393345_s.jpg

    འདི་ནི་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།