
སྒྲིག་བཀོད་ཐེབས་ཆག་ནས་འགོ་བརྩམས་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་དང་། དེ་ནས་སྒོ་དབྱེ་ལས་སྟེགས་ཀྱི་ངེས་གནས་གསར་པ་བཏོན་པ་སོགས་ལོ་23རིང་པི་ཡ་ཏི་ཁེ་ལས་འཕེལ་རྒྱས་ཕྱིན་ཏེ་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་སྟོབས་ཆེན་དུ་གྱུར་ཡོད། ད་ཆར་པི་ཡ་ཏིས་མཚོན་པའི་མཐོ་གསར་ལག་རྩལ་གྱི་རླངས་འཁོར་ཁེ་ལས་ཀྱིས་མུ་མཐུད་ཡིད་ཆེས་བརྟན་པོས་ཐོན་ལས་སྟོབས་ཆེར་བཏང་ནས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཆེད“ལྗང་མདོག་ནུས་རྒྱུ”བསྣན་ཞིང་། འདི་ནི་ཧྲེན་ཀྲེན་དུ་ཡོད་པའི་པི་ཡ་ཏི་སྤྱི་ཁྱབ་པུའུ་ཡི“བར་སྣང་གི་གློག་སྒུལ་རྐྱང་པའི་འཁོར་རིགས་ཀྱི་གློག་གསོག་ལྕོག”ཡིན་པ།