
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ནན་ཉིང་དུ“མི་རིགས་གཉིས”སམ་ཡང་ན“མི་རིགས་མང་པོ”ལས་གྲུབ་པའི་ཁྱིམ་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཚང་བསྡོམས་འབོར་གྱི་60%ཟིན་གྱི་ཡོད། “མི་རིགས་ཀྱི་འབྲེལ་བ”ནི་ལོ་མང་རིང་རང་རྒྱལ་གྱི་གྲངས་ཉུང་མི་རིགས་མང་ཤོས་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་པའི་ཀོང་ཤིས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་ཤོས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཅིག་རེད། སྒོ་དབྱེ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱུང་ཡོད་ཅིང་། འདི་ནི་ཀོང་ཤིས་ཧོ་ཁྲི་གྲོང་ཁྱེར་དབྱི་ཀྲོའུ་ཆུས་ཆིང་ཡོན་གྲོང་རྡལ་ཏུང་ཕིང་གྲོང་ཚོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལིའུ་སན་ཅེའི་གླུ་གཞས་ཀྱི་འཐུས་ཚབ་རྒྱུན་འཛིན་པ་ཞེ་ཆིང་ལེང(གཡོན་གྱི་གསུམ་པ)གིས་གྲོང་ཚོའི་བྱིས་པར་ལིའུ་སན་ཅེ་ཡི་གླུ་གཞས་སློབ་བཞིན་པ།