[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • ལུང་གཞུང་གང་སར་གླུ་སྒྲ་སྙན་མོས་ཁེངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-07

    539304_yis_1533528139412.jpg

    ཟླ་8ཚེས་4ཉིན་གྱི་སྔ་དྲོ། དུས་ཡུན་ཉིན་གསུམ་གྱི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྐབས་གཉིས་པའི་ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་རེད།

    ཀླུ་ནང་ནི་ཀོང་པོའི་སྒྲ་སྙན་དར་སའི་ཡུལ་ཡིན་ཞིང་། སྐབས་འདིའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“གནའ་བོའི་གླུ་དབྱངས་ཉན་ནས་སྒྲ་སྙན་རིག་གནས་མྱོང་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྟ་བཞོན་མདའ་འཕེན་སོགས་ཀྱི་འགྲན་བསྡུར་དང་། འོང་སྐོར། མེ་ཕུང་དགོང་ཚོགས། ཀོང་པོའི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་བརྒྱུད། ཀླུ་ནང་གི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་དང་ཁྱད་འཕགས་ཀྱི་དམངས་སྲོལ་རིག་གནས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་པ་རེད། འདི་ནི་སྐབས་གཉིས་པའི་ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་འཛུགས་མཛད་སྒོའི་ཐོག་འཁྲབ་སྟོན་པས་གདོད་མའི་ཞབས་བྲོ་འཁྲབ་བཞིན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།