[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • གྲོ་མོ་སྦྲག་སྲིད་ཅུས་ཀྱི་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-07

    539334_yis_1533528429063.jpg

    གྲོ་མོ་རྫོང་ནི་བོད་རང་སྐྱོང་ལྗོངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་སུ་གནས་ཡོད་པས་དཔེ་མཚོན་གྱི་མཐའ་མཚམས་རྫོང་ཞིག་རེད། དེ་གར་ཡང་རྒྱལ་ཡོངས་སྦྲག་སྲིད་ཀྱི་ངལ་རྩོལ་དཔེ་བཟང་དང་བོད་ཀྱི་ཕུལ་བྱུང་ན་གཞོན་བཅུའི་གྲས་ཤིག་ཡིན་པའི་གྲོ་མོ་རྫོང་སྦྲག་སྲིད་ཅུས་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་བྱེད་མཁན་དང་སྦྲག་པ་ཡ་ལེང་གིས་བགྲང་བྱ་28ཉིན་མོ་གཅིག་ལྟར་ལས་ཀ་བྱེད་ས་དེ་རེད།

    གྲོ་མོ་རྫོང་རྣ་ཐོས་ལའི་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་ས་ཚིགས་ནི་ཀྲུང་གོ་དང་རྒྱ་གར་དབར་བསྐུར་མ་སྐྱེལ་འདྲེན་བྱ་ཆེད་བཙུགས་པ་ཞིག་རེད། རྒྱལ་ཁབ་གཉིས་དབར་བསྐུར་བའི་བསྐུར་མ་བརྗེ་ལེན་ས་ཚིགས་སུ་བརྗེ་ལེན་བྱས་རྗེས་དམིགས་སར་བསྐུར་གྱི་ཡོད། བསྐུར་མ་བརྗེ་ལེན་ས་ཚིགས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་རི་སྟེང་དུ་ཆགས་ཡོད་པས་རྟག་ཏུ་དབྱར་དུས་དྲག་ཆར་བབས་པ་དང་དགུན་དུས་ཁ་བ་བུ་ཡུག་འཚུབ་ཀྱི་ཡོད། ཡ་ལེང་གིས་གཟའ་འཁོར་རེའི་གཟའ་ཕུར་བུ་དང་ཉི་མའི་སྔ་དྲོའི་ཆུ་ཚོད་11ཙམ་ལ་རྣ་ཐོས་ལའི་སོ་ལྟ་ཁང་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་ས་ཚིགས་སུ་བསྐྱོད་དེ་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་གྱི་ལས་འགན་འཁུར་བ་དང་ཆབས་ཅིག་ཡ་ལེང་གིས་ད་དུང་ལམ་རྒྱུད་ཀྱི་རྒྱ་ཆེའི་དཔུང་སྡེའི་དཔོན་དམག་དང་གྲོང་ཚོའི་མང་ཚོགས་ཀྱི་ཡི་གེ་སྐྱེལ་ལེན་གྱི་འགན་ཡང་འཁུར་གྱི་ཡོད། ལོ་དེ་དག་རིང་ཡ་ལེང་གིས་བསྐུར་མ་ཁྱོན་བསྡོམས་ཁྲི་20ལྷག་ཙམ་བསྐྱལ་བ་རེད། འདི་ནི་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་གྱི་འགྲོ་ལུགས་གཉེར་རྗེས་གྲོང་མོ་རྫོང་སྦྲག་སྲིད་ཅུས་རྒྱལ་སྤྱིའི་བསྐུར་མ་བརྗེ་ལེན་བ་ཡ་ལེང(གཡས)གིས་རྒྱ་གར་ཕྱོགས་ཀྱི་བསྐུར་མ་བརྗེ་ལེན་བར་སྐྱེལ་མ་ཞུ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།