[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ལས་གསོན་ཤུགས་གསར་པ་འཕེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-06

    539077_yis_1533444187496_s.jpg

    རང་ལྗོངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྔར་བས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱ་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་རིགས་ལག་ཤེས་བཟོ་རྩལ་གྱི་བཀོད་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག ཐོན་ལས་ཀྱི་གཞི་ཁྱོན། གསར་གཏོད་རྟེན་གཞི་འཛུགས་སྐྲུན། ཁྲོམ་ར་གསར་འབྱེད་སོགས་ཐད་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་འཆར་འགོད་བྱས་ཏེ་ཁྱད་ལྡན་ལག་ཤེས་བཟོ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ཆ་གསོན་ཉམས་དོད་པའི་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་རེད། འདི་ནི་ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ལག་ཤེས་བཟོ་རྩལ་པ་ཞིག་གིས་ཤིང་བརྐོས་ལ་ཚོན་གཏོང་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།