[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • ཁང་ཆུང་གྲུ་བཞི་ཚ་སོབ་སོབ། དམར་ཆུང་སེམས་པ་དྲོ་ལྷང་ལྷང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    511215_yis_1526188188087_s.jpg

    ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་གྱི་ཁག་དྲུག་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁ་གཏད་རོགས་སྐྱོར་གྱི་གཙོ་གནད་དུ་བརྩིས་ཏེ་ཧྲན་ཏུང་ཁོའོ་ལིན་ནུས་རྒྱུ་བསྲི་ཚགས་སྒྲིག་ཆས་ཚད་ཡོད་ཀུང་སི་དང་འབྲེལ་མཐུད་བྱས་ནས། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཁར་རྩེ་ཤང་ཆ་ཚང་སློབ་ཆུང་ལ་སྒོར་ཁྲི་390རི་བའི་གློག་དྲོད་མཉམ་འདོན་རྣམ་གྲངས་འཛུགས་སྐྲུན་བྱས་པ་དང་། 2018ལོའི་ལོ་འགོར་འཁོར་རྒྱུག་བྱས་ནས་དགེ་སློབ་མི་གྲངས་633ཟིན་པའི་སློབ་གྲྭ་ཡོངས་ལ་དྲོད་རླངས་མཁོ་འདོན་གྱི་གནད་དོན་ཐག་གཅོད་ཐུབ་ཅིང་། འདི་ནི་མཁར་རྩེ་ཤང་ཆ་ཚང་སློབ་ཆུང་གི་སློབ་ཕྲུག་གིས་དྲོད་རླངས་ཡོད་པའི་ཉལ་ཁང་ནང་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།