[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • དམ་བཅའ་བཞག་ནས་འགན་འཁྲི་བློ་ལ་བརྟན་པོར་ངེས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་ས་གནས་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སྒྲོག་འགྲེལ་བཞུགས་མོལ་གྱི་བྱེད་ཐབས་དང་། ཤེས་བྱ་འགྲན་བསྡུར། རིག་རྩལ་འཁྲབ་སྟོན། པར་རིས་འགྲེམས་སྟོན། མིང་འགོད་ཁས་ལེན་སོགས་རྣམ་པ་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་བཅས་ཀྱི་བྱེད་ཐབས་བརྒྱུད། བྱེད་སྒོའི་བླང་བྱ་དོན་འཁྱོལ་དང་མང་ཚོགས་ཀྱི་ས་སྲུང་མཐའ་བརྟན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་།

    507316_yis_1525150959376_s.jpg

    འདི་ནི་མཚོ་སྣ་རྫོང་ལེགས་པོ་མོན་པ་མི་རིགས་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚོས“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད”ཅེས་འཁོད་པའི་འཕྲེད་འགེལ་སྦྱར་ཚིག་ཐོག་མིང་རྟགས་འགོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།