[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད། ཐོན་ལས་དང་སློབ་གསོ་ཟུང་དུ་འབྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    511464_yis_1526273972600_s.jpg

    ཉེ་ལམ་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་རིགས་སློབ་གསོའི་འཐབ་ཇུས་ཀྱི་གནས་བབ་སྔར་བས་མངོན་གསལ་དོད་པོ་ཡོང་བ་དང། དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལས་ཞུགས་ཁྲིད་སྟོན་དུ་བྱེད་པ་དང་། ཚེ་གང་སློབ་གསོའི་འདུ་ཤེས་མངོན་པ། ཀུན་ལ་ཕྱོགས་པ་བཅས་ཀྱི་དེང་རབས་ཅན་གྱི་ལས་རིགས་སློབ་གསོའི་མ་ལག་གཏོད་པ་དང་། གསོ་སྐྱོང་བྱ་ཐབས་གསར་གཏོད་བྱེད་པ། སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་ཐོན་སློབ་ཟུང་འབྲེལ་གྱི་སྐུལ་འདེད་ལམ་སྲོལ་འཛུགས་པ། སློབ་གཉེར་དང་ཁེ་ལས་སྦྲེལ་མཐུད་དམ་ཟབ་བྱེད་པ། སློབ་གསོའི་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དངོས་སྦྱོང་འཁོར་ཁང་དུ་ཟོག་འགྲེམས་ཆེད་ལས་སློབ་མ་ཚོས་ཟོག་འགྲེམས་ལག་རྩལ་སྦྱོང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།