[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • གཟའ་མཇུག་གི་སྤྲོ་གསེང་གནང་ས་ཆུ་ཤུར་སྲོག་ཆགས་གླིང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཉི་མ་ཚེ་རིང་། བདེ་ཆེན་དགྲ་འདུལ།    |    སྤེལ་དུས།   2018-05-11

    སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་ཞིང་། འགྲོ་བ་མིའི་རིགས་དང་སྲོག་ཆགས་དབར་ཆུ་དང་འོ་མ་ལྟ་བུའི་འབྲེལ་བ་དམ་ཟབ་ཡོད། གངས་ལྗོངས་སུ་ཡུལ་གཞན་ན་མེད་པའི་སྲོག་ཆགས་གཙོད་དང་། གཡག་ལ་སོགས་པ་མི་ཉུང་བ་ཞིག་ཡོད་ཀྱང་། ཚ་བ་ཆེ་སའི་ཡུལ་དང་སྐམ་ཤས་ཆེ་སའི་ཡུལ་གྱི་སྲོག་ཆགས་གླང་ཆེན་དང་། འདམ་སེང་། རྔ་མོང་ལ་སོགས་པ་མཐོང་རྒྱུ་མ་མཆིས། ད་ཆ་ཆུ་ཤུར་སྲོག་ཆགས་གླིང་དུ་བོད་ལ་མེད་པའི་སྲོག་ཆགས་གཞན་མང་དག་ཅིག་དབོར་ཡོད་པ་དང་། སྲོག་ཆགས་རྣམས་ལས་དོན་མི་སྣའི་བྱམས་སྐྱོང་འོག་ཏུ་དགའ་བདེའི་དཔལ་ལ་རོལ་ཐུབ་པ་བྱུང་བ་མ་ཟད།  བདེ་བླག་ངང་མཐོ་སྒང་གི་གནམ་གཤིས་ལ་གོམས་གཤིས་ཆགས་ཡོད། རྒྱ་ཆེའི་ལྟད་མོ་བ་ཚོས་སྲོག་ཆགས་གླིང་དེའི་སྲོག་ཆགས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ཁོར་ཡུག་ཀྱང་ཤིན་ཏུ་ལེགས་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་ཡོད་པ་རེད།

    12.JPG

    འདི་ནི་ཆུ་ཤུར་སྲོག་ཆགས་གླིང་དུ་ཡོད་པའི་གླང་ཆེན་ཡིན་པ།

    QQ截图20180514115805.jpg

    འདི་ནི་ཆུ་ཤུར་སྲོག་ཆགས་གླིང་དུ་ཡོད་པའི་སྟག་ཡིན་པ།

    QQ截图20180514115941.jpg

    འདི་ནི་ཆུ་ཤུར་སྲོག་ཆགས་གླིང་དུ་ཡོད་པའི་འདམ་སེང་ཡིན་པ།

    QQ截图20180514120225.jpg

    འདི་ནི་ཆུ་ཤུར་སྲོག་ཆགས་གླིང་དུ་ཡོད་པའི་རྔ་མོང་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།