[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • སྲིད་བཟང་རྟ་བདུན་དབང་པོའིདྲོ་སྐྱིད་ལས། མི་སེམས་པད་མའི་འཛུམ་མདངས་ལྷུག་པོར་གྲོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-01

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་འདོགས་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་རྒྱུན་མཐུད་འཕེལ་རྒྱས་ཆེད་དུ་རྨང་གཞི་བརྟན་པོ་བཏིང་བ་རེད། སྲིད་ཇུས་བཟང་པོ་དེ་དག་ལས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།

    འདས་པའི་ལོ་གཅིག་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་དེ་དག་སྤྱོད་མཁས་པོ་དང་གོ་སྐབས་དམ་འཛིན་གྱིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བརྩོན་ལེན་བྱས་པ་དང་། རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་འཐུས་མི་རྣམ་པས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བགྱིས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་གོ་སྐབས་དམ་འཛིན་གྱིས་བོད་ཀྱི་འཕེལ་རྒྱས་ཆེད་དུ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཤིང་། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་གོ་བསྡུར་གཏིང་ཟབ་བྱས་ཁར། བོད་ཀྱི་དོན་དངོས་གནས་ཚུལ་ལ་གཞི་ཚུགས་ཏེ《གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》དང《བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》 《བོད་རང་སྐྱོང་ལྗོངས་ཀྱི་སྐྱས་སྤོས་རྩ་གསོའི་ལས་གྲྭའི་རྣམ་གྲངས་ཀྱི་ལག་བསྟར་ཞིབ་སྲོལ》 《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《ལྷ་སའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་གཞི》ལ་སོགས་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། བོད་ཀྱི་དཔལ་འབྱོར་སྤྱི་ཚོཌ་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། བདེ་ཐང་འཛུགས་སྐྲུན་སོགས་ཀྱི་བྱ་གཞག་ལ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུའི་སྐྱེ་སྟོབས་འབར་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་གྲོང་སྡོད་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཞིང་། 2016ལོའི་ཟླ་11པ་ནས་ད་བར་དུ་གྲོང་ཚོ(གྲོང་ལྷན)5469རུ་གྲོང་སྡོད་ལས་བྱེད་པ་ཁྲི་2.18ལྷག་ཙམ་ཧྲག་འདེམས་ལེགས་གཏོང་གིས་མང་ཚོགས་ལ་བྱ་བ་དངོས་ཁྲི་3.9ལྷག་བསྒྲུབས་པ་དང་། དབུལ་སྐྱོར་རྣམ་གྲངས་942དང་མ་དངུལ་སྒོར་དུང་ཕྱུར་13.83ཙམ་བརྩོན་ལེན་བྱས་ནས། མང་ཚོགས་ལ་ཕན་བདེ་བསྐྲུན་པ་དང་དཀའ་གནད་སེལ་རོགས་བྱས་ཁར། སྤུན་ཟླའི་ཞིང་ཆེན་གྱི་འཇུངས་སེམས་མེད་པའི་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དང་སྔོན་ཐོན་ལག་རྩལ་ལེགས་པར་སྤྱད་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་ལ་བརྩོན་པ་རེད།

    འདས་པའི་ལོ་གཅིག་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་དང་། སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་ཀྱིས་རི་ཀླུང་དང་མཐའ་མཚམས་གང་སར་བསྐྱོད་དེ་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་བྱས་ཏེ། དམངས་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་པ་དང་། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།

    0321dt2.jpg

    སྲིད་ཇུས་བཟང་པོའི་བཀའ་དྲིན་ལས། མང་ཚོགས་བདེ་སྡོད་ལས་ལ་བརྩོན།

    1025et1 (2).jpg

    འགན་འཁྲི་བློ་ལ་བརྟན་པོར་ངེས། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད།

    450747_yis_1510201747369.jpg

    ཚོགས་ཆེན་དགོངས་དོན་དྲིལ་བསྒྲགས་བྱེད། ཏང་གི་གསུང་སྐད་གང་སར་ཁྱབ།

    0408at1.jpg

    དགའ་བའི་གླུ་དང་སྐྱིད་པའི་བྲོ། དེང་གི་བདེ་སྐྱིད་འཚོ་བར་འབུལ།

    1023gt1.jpg

    ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ནན། མཐའ་མའི་དག་ཞིང་བོད་ལྗོངས་མཛེས།

    0419et6.jpg

    ཏང་གི་བཀའ་དྲིན་ཡིད་ལ་དྲན། འཚོ་བའི་འཕོ་འགྱུར་མངོན་པར་བསྟོད།

    0108at1.jpg

    གནས་སྤོའི་དབུལ་སྐྱོར་འདུ་འགོད་ལས། དམངས་རྣམས་དགའ་བའི་འཛུམ་གྱིས་ཕྱུག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།