[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • དུས་རབས་གསར་པས་མ་འོངས་འཇིག་རྟེན་བསུ། དགའ་བདེའི་འབྱུང་འགྱུར་དཔྱིད་དཔལ་གསར་པར་ཕྱོགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-01

    433411_yis_1505193004854.jpg

    གཞོན་ནུ་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ཤུགས་ཆེ། གཞོན་རབས་རྣམས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་ཁུར་གྱི་བསམ་པ་བཅས་ལྡན་ན། རྒྱལ་ཁབ་ལ་མདུན་ལམ་ཡོང་བ་དང་། མི་རིགས་ལ་ཕུགས་རེ་ཡོད། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་ད་ལྟའི་ཕུགས་འདུན་ཡིན་ལ། མ་འོངས་པའི་ཕུགས་འདུན་ཡང་ཡིན། ང་ཚོའི་མི་རབས་འདིའི་ཕུགས་འདུན་ཡིན་ལ་དེ་བས་ཀྱང་གཞོན་རབས་པའི་ཕུགས་འདུན་ཡང་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ནི་མཐར་གཏུགས་ན་གཞོན་ནུ་མི་རབས་ཚོས་གཅིག་རྗེས་གཉིས་མཐུད་ངང་འབད་པ་ལྷོད་མེད་བྱས་ནས་མངོན་འགྱུར་ཡོང་བ་བྱེད་དགོས། ཏང་ཡོངས་ཀྱིས་གཞོན་རབས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཤིང་། ཁོ་ཚོའི་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་གར་སྟེགས་སྐྲུན་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་། ཕུགས་བསམ་ཆེན་པོ་བཅངས་ཏེ། གོམ་པ་བརྟན་པོའི་ངང་ནས་དུས་རབས་ཀྱི་རླབས་གཤགས་ཕོ་རྒོད་པར་བརྩོན་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་དགུང་ལ་སྤུར་དགོས་ཤིང་། མི་དམངས་ལ་ཁེ་ཕན་གཉེར་བའི་འབད་འཐབ་ལྷོད་མེད་ཁྲོད་མི་ཚེའི་སྙན་དབྱངས་རྩོམ་དགོས།

    0407ht4.jpg

    རྒྱ་ཆེན་མཛད་པ་སྐྱོང་བའི་ཚེ། ས་སྟེང་ཐམས་ཅད་སྤྱི་སྐལ་ཡིན། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ལྷག་ཙམ་ཡོད་པའི་ས་གཞི་ཆེ་མོའི་སྟེང་དུ་འགྲེངས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་དུས་ཡུན་རིང་པོར་འབད་དེ་བསགས་པའི་ལོ་ངོ་སྟོང་ཕྲག་ལྔ་ལྷག་ཙམ་རིང་གི་རིག་གནས་ཀྱི་ཉིང་བཅུད་ལ་རོལ་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ལ་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་ཡོད་པས། ང་ཚོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་པར་འགྲན་ཟླ་བྲལ་བའི་དུས་རབས་ཀྱི་གར་སྟེགས་ཆེན་པོ་ལྡན་ཞིང་། འགྲན་ཟླ་བྲལ་བའི་ལོ་རྒྱུས་ཀྱི་གཏིང་གཞི་ཟབ་མོ་ཡོད་ལ། འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་བརྟན་ཤུགས་ཆེན་པོ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། བློ་རྩ་བརྟན་པོས་ཡར་རྒྱས་ལྷུར་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ནས། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། མེས་རྒྱལ་གོང་བུ་གཅིག་ཏུ་སྒྲིལ་བ། འཛམ་གླིང་གི་ཞི་བདེ་སྲུང་བ་དང་ཐུན་མོང་དུ་འཕེལ་རྒྱས་ཡོང་བར་བྱེད་པ་བཅས་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་འགྲུབ་པའི་ཆེད་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་བཅས་ཀྱི་ཆེད་དུ་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱེད་དགོས།

    443810_yis_1508348491819.jpg

    ལོ་རྒྱུས་ཀྱི་ཆུ་མོ་མདུན་ནས་མདུན་དུ་བཞུར། དུས་རབས་ཀྱི་རླབས་རྒྱུན་དྲག་ནས་དྲག་ཏུ་འཕྱུར། ལོ་རྒྱུས་ཀྱི་དཀའ་སྤྱད་འཁུར་དུ་བཟོད་པ་དང་། འབད་པ་ལྷུར་གྱིས་ལེན་མཁན། དཔའ་མཛངས་མཁས་མཛངས་ལྡན་པར་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ལྡན་པ་ལས། མགོ་བདེ་དྲན་འཁྲུལ་དང་། གཡོ་ཟོལ་སྒྱིད་ལུག ཟབ་ཟོབ་ཚུལ་འཆོས་བཅས་ལ་གོ་སྐབས་གཏན་ནས་སྤྲོད་མི་སྲིད་པས། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་དང་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་གཅིག་གྱུར་ཡོང་བར་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    qydd0710p01.jpg

    ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པ། མི་རིགས་མཐུན་སྒྲིལ་ལ་ཤུཌ་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་བཅས་ཀྱི་ཆེད་མུ་མཐུད་འབད་འཐབ་བྱེད་དགོས།

    422750_yis_1501999105538.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།