[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • དགོན་སྡེའི་རིག་གནས་དང་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-16

    425201_yis_1502600214979_s.jpg

    ལྗོངས་ཡོངས་ཀྱི་དགོན་སྡེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་སྔར་བས་ཚོར་བ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་ལ་སྲུང་བརྩི་ཞུ་བར་ཁྲིད་སྟོན། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་དགོན་སྡེར“ཡོད་པ་དགུ”འདུ་འགོད(གཙོ་འཛིན་གྱི་སྐུ་པར་ཡོད་པ་དང་། རྒྱལ་དར་ཡོད་པ། ལམ་ཡོད་པ། ཆུ་ཡོད་པ། གློག་ཡོད་པ། རླུང་འཕྲིན་བརྙན་འཕྲིན་ཡོད་པ། གློག་བརྙན་ཡོད་པ། དེབ་ཁང་ཡོད་པ། ཚགས་པར་ཡོད་པ་བཅས)བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ལག་བསྟར་ཞིབ་ཕྲ་བྱེད་པའི་བརྒྱུད་རིམ་ནང་དགོན་སྡེའི་རིག་གནས་དང་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་གྲྭ་བཙུན་གྱི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཤིང་། འདི་ནི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་དགོན་གསར་དགོན་པའི་དགེ་འདུན་པ་ཚོས་བོད་ལྗོངས་དཔེ་མཛོད་ཁང་དགོན་གསར་དགོན་གྱི་ཡན་ལག་དཔེ་མཛོད་ཁང་དུ་དཔེ་དེབ་བལྟ་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།