[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

​བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུས་པའི་བསྡུས་རིས།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2019-06-20 17:56

  དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་འདིར། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ཉི་མ་ཤར། ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཡིན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་བྱེད་པ། བཞུགས་མོལ་ཚོགས་འདུ་འཚོག་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ནས་དུས་ཆེན་གལ་ཆེན་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད། ལོ་60གོང་གི་ཟླ་3ཚེས་28ཉིན་ཚ་ཚ་འུར་འུར་ངང་ཞིང་བྲན་ལ་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་འགྱུར་ལྡོག་ཆེན་པོ་བཏང་ཞིང་། ལོ་60རྗེས་ཀྱི་དེ་རིང་བོད་ཀྱིས་རྣམ་པ་གསར་རྐྱང་ལ་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གངས་ལྗོངས་ཀྱི་ལེའུ་ཧུར་ཐག་རྩོམ་བཞིན་མཆིས།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།