[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

སློབ་འགོ་ཚུགས་པ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2019-03-11 21:43

  ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་ཕིང་ཡུང་གྲོང་རྡལ་ཅེ་ཉི་གྲོང་ཚོའི་ཙེ་ཡའོ་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་འབའ་ཞིག་ཡིན་པའི་ཧྥན་ཕིང་ཀྲུང་དང་ཁོང་གི་སློབ་མ་18དངོས་སུ་སློབ་འགོ་ཚུགས་པ་རེད། འདི་ལོ་ལོ་48ལ་སླེབས་པའི་ཧྥན་ཕིང་ཀྲུང་ནི་རུང་ཅང་རྫོང་ཕིང་ཡུང་གྲོང་རྡལ་ཅེ་ཉི་གྲོང་ཚོའི་ཡུལ་མི་རེད། དུས་རབས་20པའི་ལོ་རབས་90པའི་ལོ་འགོར་ཁོང་གིས་ཕ་ཡུལ་དུ་དགེ་རྒན་དཀོན་པོ་ཡོད་པ་ཤེས་ཏེ་ཕ་ཡུལ་གྱི་ཚབ་ཁྲིད་དགེ་རྒན་ཞིག་བྱས་པ་དང་ད་བར་ལོ་28ཕྱིན་ཡོད། མིག་སྔར་ཧྥན་ཕིང་ཀྲུང་གིས་ས་ཆ་དེ་གའི་ལོ་རིམ་དང་པོའི་སློབ་མར་རྒྱ་ཡིག་དང་། ཨང་རྩིས། མཛེས་རྩལ་སོགས་ཀྱི་སློབ་ཚན་ཁྲིད་པ་མ་ཟད། ད་དུང་ཁོང་གིས་སློབ་མ་ཚོར་འཚོ་བཅུད་ལྡན་པའི་དགུང་ཟས་བཟོ་གི་ཡོད། ཧྥན་ཕིང་ཀྲུང་གིས“ཙེ་ཡའོ་སློབ་ཁྲིད་ས་ཚིགས་ཀྱི་མཁྲེགས་ཆས་སྒྲིག་བཀོད་རིམ་བཞིན་ལེགས་སུ་ཕྱིན་ཏེ། ལུས་རྩལ་ཐང་དང་། ཟ་ཁང་། དཔེ་ཀློག་ཁང་བཅས་ཡོད། གལ་སྲིད་དགེ་རྒན་གསར་པ་ཞིག་བྱུང་ཚེ་གྲོང་ཚོའི་ཕྲུ་གུར་ཤེས་བྱ་དེ་བས་མང་བ་སྦྱོང་ཐུབ་རྒྱུ་རེད”ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།