[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

ལོ་ན་བརྒྱད་ཅུར་སླེབས་པའི་བགྲེས་སོང་གིས“འཁར་རྔ་བརྡུངས་ནས”གཞས་མ་གཏམ་ཁྱབ་གདལ་གཏོང་བ།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2018-10-17 10:54

  ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་ཝུའུ་ལིན་ཡོན་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་རྟེན་གཞིའི་ཤིས་པུའུ་ཁྲོམ་གཞུང་རྙིང་པར་ལོ་བརྒྱད་ཅུར་སླེབས་པའི་དམངས་ཁྲོད་སྒྱུ་རྩལ་པ་ཅིན་ཏེ་ཨན་དང་ཁོང་གི་ཚོགས་པས་རྒྱུན་དུ་ཡུལ་སྐོར་བར“ཅིན་ཧྲི་ཁྱིམ་རྒྱུད་ཀྱི་འཁར་རྔ་རྡུང་བའི”འཁྲབ་སྟོན་བྱེད་ཀྱི་ཡོད། སྙན་ཞིང་འཇེབས་ལ་ཤུགས་ཀྱང་ལྡན་པའི་འགུལ་སྟངས་དང་། ཕན་ཚུན་གཞོགས་འདེགས་དམ་ཟབ་ཀྱི་འཁྲབ་སྟོན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ། སྣ་མང་ཕུན་སུམ་ཚོགས་པའི་དབྱངས་རྟའི་རིགས་བཅས་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་ས་གནས་ཁག་གི་ལྟད་མོ་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།   ད་ཆ་ལོ་ན་བརྒྱད་ཅུར་སོན་པའི་བགྲེས་སོང་ཅིན་ཏི་ཨན་དང་ཁོང་གི“ཅིན་ཧྲི་ཁྱིམ་རྒྱུད་ཀྱི་འཁར་རྔ་རྡུང་བ”ལ་ཡུལ་དེར་སྙན་གྲགས་ཆེན་པོ་ལྡན་ཞིང་། ཡུལ་དེའི་ཡུལ་སྐོར་ཁྱབ་གདལ་གཏོང་བའི་མིང་བྱང་ཞིག་ཏུའང་གྱུར་ཡོད།

འགན་འཁུར་རྩོམ་སྒྲིག་པ།      ཚེ་རྡོར།

མཉམ་སྤྱོད།