[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

ལྷ་སའི་སྲོལ་རྒྱུན་བོད་ཆས་ཀྱི་དར་བཟོའི་ལམ་བུ།

ཡོང་ཁུངས།

ཤིན་ཧྭ་གསར་འགྱུར་ཁང་།

རྩོམ་པ་པོ།

སྤེལ་དུས།

|

2018-01-02 21:59

  2011ལོར་བོད་ཆས་དཔེ་གསར་ཇུས་འགོད་པ་བཀྲ་ཤིས་ལྷ་སར་ཡོང་ནས་དེའི་ལོ་གཉིས་པར་དར་བཟོ་ཆེ་བའི་བོད་ཆས་སྤུས་རྟགས“ཡིད་འོང”ཞེས་པ་གསར་གཏོད་བྱས། ལོ་འགའ་ཞིག་རིང་བཀྲ་ཤིས་དང་ཁོང་གི་ཚོགས་མིས་ལྷ་སའི་བར་སྐོར་ཁྲོམ་གཞུང་གི་སྒོ་ར་རྙིང་པའི་ནང་བོད་ཀྱི་སྲོལ་རྒྱུན་གཞི་རྒྱུ་དང་དེང་རབས་ཀྱི་དཔེ་གསར་ཇུས་འགོད་མཉམ་དུ་བསྲེས་ཏེ་བློ་ཁོག་ཆེན་པོས་སྲོལ་རྒྱུན་བོད་ཆས་རྨང་གཞིར་བྱས་ཏེ་དེང་རབས་ཀྱི་བཟོ་ལྟ་དཔེ་གསར་གྱི་བོད་ཆས་འཆར་འགོད་བྱས་པ་རེད།   བཀྲ་ཤིས་ཀྱིས་ཇུས་འགོད་བྱས་པའི་བོད་ཆས་དཔེ་གསར་ལ་ས་གནས་དེ་གའི་ན་གཞོན་གྱིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ནེ་པ་ལ་དང་རྒྱ་གར་སོགས་ས་ཆ་མང་པོ་དང་དེ་བཞིན་ཡོ་རོབ་ཀྱི་ས་ཆ་འགའ་ཞིག་ཏུའང་ཕྱིར་ཚོང་ཐུབ་པ་དང་། ལྷ་ས་དང་པེ་ཅིང་སོགས་སུ་སྤུས་རྟགས་དེ་ངོམས་སྟོན་ཐེངས་མང་བྱས་ཡོད། བཀྲ་ཤིས་ཀྱིས“གནའ་བོའི་བཟོ་རྩལ་དང་དེང་རབས་དཔེ་གསར་གྱི་འདུ་ཤེས་མཉམ་དུ་བསྲེས་ན་བོད་ཆས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་ཐུབ་པ་མ་ཟད། ན་གཞོན་ཚོས་ཀྱང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ།      བསོད་ནམས་སྟོབས་ལགས།

མཉམ་སྤྱོད།