[ English ] [ 中文 ]
0891-6325020
དབུ་ཤོག  པར་མཛོད།

ལྷ་སར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཚ་རླབས་འཕྱུར།

ཡོང་ཁུངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

རྩོམ་པ་པོ།

སྤེལ་དུས།

|

2017-08-30 15:32

  ཉེ་དུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)8དུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བའི་ཚ་རླབས་འཕྱུར་བ་དང་འབྲེལ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲོད་དོ་ཁུར་དང་ཚ་ཚ་འུར་འུར་ངང་གྲོས་བསྡུར་བྱེད་འགོ་ཚུགས། ལྷག་དོན་དུ་བྱེད་སྒོའི་གཙོ་གནད“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པར”དམིགས་ནས་ཚང་མས་སྒྲོག་འགྲེལ་ཉན་པ་དང་། འཁྲབ་སྟོན་ལྟ་བ། མྱོང་ཚོར་གླེང་བ་བཅས་བྱས་ཏེ་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།   ཁྲེང་ཀོན་ཆུས་དར་དམར་གྲོང་ཚོའི་ཐང་ཆེན་དུ་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ནེང་ཧྲེང་གིས་གོ་བདེ་ཤེས་སླའི་སྐད་ཆ་ནས་བྱེད་སྒོའི་དོན་སྙིང་གལ་ཆེན་དང་དེ་བཞིན་ནང་དོན་གཙོ་བོ་དོན་ཟབ་ཚིག་གསལ་ངང་རྒྱས་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ།      ཉི་ཆོས།

མཉམ་སྤྱོད།