[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མངའ་རིས་ས་ཁུལ་གྱི་རྫོང་གསུམ་ལ“བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇཌ་རྫོང”གི་མཚན་སྙན་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2023-01-31

    ཉེ་ཆར་གསར་འགོད་པར་མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་འཛུགས་གཏོད་ཁག་དང་པོ་དང་གཉིས་པ་བྱེད་རིང་མངའ་རིས་ས་ཁུལ་གྱི་རྩྭ་མདའ་དང་། སྤུ་ཧྲེང་། སྒེར་རྩེ་བཅས་རྫོང་གསུམ་ལ“བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་འཛུགས་གཏོད་བྱེད་འགོ་ཚུགས་ཚུན། མངའ་རིས་ས་ཁུལ་གྱིས《ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་འཛུགས་གཏོད་ལས་དོན་གྱི་བརྡ་ཐོའི》བླང་བྱར་ནན་པོར་གཞིགས་ནས་སྤུས་ཚད་ཀྱི་ལྟ་འདོམས་མ་ལག་སྐྲུན་པ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱ་ཐབས་དོན་འཁྱོལ། སྤུས་ཚད་ལ་ལྟ་འདོམས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ། སྤུས་ཚད་བདེ་འཇགས་ཀྱི་ཁྲིམས་བསྟར་ལྟ་སྐུལ་སོགས་གཙོ་གནད་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ས་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ནས། མངའ་རིས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་འཛུགས་གཏོད་ཀྱི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།