▶ དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་འབྲོག་ཁུལ་དུ་སྐྱེལ་བ་སོགས་དམངས་ཕན་སྲིད་ཇུས་སྔ་རྗེས་སུ་བཏོན་པ་རེད། ཚྭ་འདམ་གཤོང་སའི་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལུག་ཤ་དང་ལྷད་མེད་འོ་ཇའི་དྲི་ཞིམ་འཐུལ་བ་དང་རྩྭ་ཐང་ཐོག་གི་མང་ཚོགས་རྣམས་གྲོང་ཁྱེར་ལྟར་གྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
▶ 2011ལོར་བཙན་ཆེན་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་ཀྱིས་མཉམ་ལས་ཁང་ནང་ཞུགས་པ་ནས་རང་ཉིད་ཀྱིས་ཡུལ་སྐོར་ཀུང་སི་བཙུགས་ཏེ་གྲོང་ཚོ་དེ་གའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་ནང་ཞུགས་པའི་བར་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་ལ་བརྟེན་པས། བཙན་ཆེན་གྱི་བྱ་གཞག་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་ཡོད།
ཟླ་ཕྱེད་གོང་། སོག་རིགས་ཀྱི་སྲོལ་རྒྱུན་གྱི“མེ་མཆོད་དུས་ཆེན”བཏང་ཟིན་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་བྲག་ལུང་ཤང་ཁོ་ཨར་འབྲོག་ལས་གྲོང་ཚོའི་གྲོང་མི་བཙན་ཆེན་གྱིས་ནང་མི་ཚང་མ་ཁྲིད་དེ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དུ་སྤོས་པ་རེད། ལོ་འགའི་སྔོན་བཙན་ཆེན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ནུབ་ཁུལ་ནས་ཁང་པ་ཉོས་པ་དང་སྨི་ངོས་གྲུ་130ལྷག་ཙམ་ཟིན་པའི་ཁང་པ་གསར་པ་དེ་རྒྱ་ཆེ་ལ་དཀར་ཆ་དོད་པ་ཞིག་ཡོད། ཁོང་གིས་ད་དུང་ཆེད་མངགས་སོག་རིགས་ཀྱི་ཉམས་འགྱུར་ལྡན་པའི་མཛེས་བཟོ་བྱེད་མཁན་སྐད་བཏང་ཡོད། ཁང་པའི་ནང་གི་གང་སར་མི་རིགས་ཀྱི་མཛེས་རྒྱན་སྤྲས་ཡོད། འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་ཁོང་ཚོ་ནང་མི་བདུན་པོ་ཁང་པ་གསར་པའི་ནང་དུས་ཆེན་བཏང་བ་རེད།
དུས་ཆེན་གཏོང་བའི་ཉིན་འདི་དག་རིང་བཙན་ཆེན་བྲེལ་བ་ཆེན་པོ་བྱུང་ཡོད། ཁོང་ཁྱིམ་དུ་ལོ་གསར་ལ་རྟེན་འབྲེལ་ཞུ་བར་ཡོང་མཁན་གཉེན་ཉེ་ཡོད་པ་ཕུད། ཁོང་ཉིན་ལྟར་རླངས་འཁོར་བཏང་ནས་ཕྱིར་ཅ་དངོས་ཉོ་བར་འགྲོ་དགོས་ཀྱི་ཡོད་ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་བཤད།
སྡོད་ཁང་གསར་པའི་ནང་ཁྱིམ་སྤྱོད་གློག་ཆས་དང་། ཐབ་ཆས་སོགས་ཅ་དངོས་ཚང་མ་གསར་པ་བརྗེ་འདོད་བྱེད་ཀྱི་ཡོད། བཙན་ཆེན་གྱིས“དེ་ནི་ལོ་གསར་གྱི་རྣམ་པ་གསར་པ་ཞིག་རེད་ལ་ཁྱིམ་ཚང་གསར་པའི་འཚོ་བ་གསར་པ་ཞིག་ཀྱང་རེད། ལོ་གསར་གཏོང་བ་དང་སྡོད་ཁང་གསར་པར་སྤོས་པ་ལས་འཚོ་བ་གསར་པ་དེ་སྔ་ལས་ཡག་པ་ཡོང་ངེས་རེད”ཅེས་བཤད།
དམངས་གཞས་ནང་བཏང་བ་ལྟར་བཙན་ཆེན་གྱི་ཕ་ཡུལ་ཁོ་ཨར་འབྲོག་ལས་གྲོང་ཚོར་ཡང་སྔོ་ཞིང་དྭངས་པའི་ནམ་མཁའ་དང་རྒྱང་རིང་ཆགས་པའི་རི་བོ་ཡོད་ཅིང་། ཚྭ་འདམ་གཤོང་སའི་ཤར་རྒྱུད་དུ་གནས་པའི་གྲོང་ཚོ་དེ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་མི་ཚོས་མི་རབས་ནས་མི་རབས་བར་ཕྱུགས་རིགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད།
བཙན་ཆེན་གྱིས“དེ་སྔ་སྡོད་སའི་ཁང་པ་རང་གིས་བརྒྱབ་པའི་ས་ཁང་ཡིན་ལ་ལམ་ཡང་ས་རྡོའི་ལམ་ཡིན་པས་སྨན་པ་བསྟེན་པ་དང་སློབ་གྲྭར་སྐྱོད་ཧ་ཅང་ཁག་པོ་ཡོད། རྗེས་སུ་རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་གཞིས་ཆགས་ཁུལ་བསྐྲུན་ནས་ང་ཚོར་ཁང་པ་གསར་པ་བརྒྱབ་པ་དང་ཁྱིམ་དུ་ཆུ་དང་། གློག དྲ་བ་བཅས་ཚང་མ་ཡོད་པས་ང་ཚོ་མི་སེར་རྣམས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱུང་སོང”ཞེས་བཤད། གཞིས་ཆགས་ཁུལ་དུ་སྤོས་པ་ནས་བཟུང་ཁོང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་འགྲོ་འགོ་ཚུགས་ཡོད།
དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་འབྲོག་ཁུལ་དུ་སྐྱེལ་བ་སོགས་དམངས་ཕན་སྲིད་ཇུས་སྔ་རྗེས་སུ་བཏོན་པ་རེད། ཚྭ་འདམ་གཤོང་སའི་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལུག་ཤ་དང་ལྷད་མེད་འོ་ཇའི་དྲི་ཞིམ་འཐུལ་བ་དང་རྩྭ་ཐང་ཐོག་གི་མང་ཚོགས་རྣམས་གྲོང་ཁྱེར་ལྟར་གྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
འགྱུར་ལྡོག་སྐོར་གླེང་སྐབས་བཙན་ཆེན་གྱིས་ཀྱང་རང་ཉིད་ཀྱི་ལས་གཏོད་ལོ་རྒྱུས་གླེང་ཞིང་། 2011ལོར་བཙན་ཆེན་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་ཀྱིས་མཉམ་ལས་ཁང་ནང་ཞུགས་པ་ནས་རང་ཉིད་ཀྱིས་ཡུལ་སྐོར་ཀུང་སི་བཙུགས་ཏེ་གྲོང་ཚོ་དེ་གའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་ནང་ཞུགས་པའི་བར་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་ལ་བརྟེན་པས་བཙན་ཆེན་གྱི་བྱ་གཞག་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་ཡོད། 2022ལོར་དུར་ལམ་རྫོང་ཡུལ་སྐོར་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་ནས་ཡུལ་སྐོར་བར་སྣེ་ལེན་ཞུས་པ་དང་བཙན་ཆེན་གྱི་ཀུང་སི་ཡང་ས་གནས་དེ་གའི་ཡུལ་སྐོར་ཀུང་སི་ཞིག་ཡིན་པའི་ངོས་ནས་གཉེར་སྐྱོང་དོ་དམ་ནང་ཞུགས་པ་རེད། བཙན་ཆེན་གྱིས“ན་ནིང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པ་ལས་མཛེས་ལྗོངས་ཁུལ་དུ་འགྲུལ་པ་དེ་ཙམ་མང་པོ་མི་འདུག འདི་ལོ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོང་ངེས་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་བཤད།
རླངས་འཁོར་ཡག་པོ་བཞག་རྗེས་བཙན་ཆེན་གྱིས་སྒྲ་སྐྱེད་སྒྲིག་ཆས་འཁུར་ནས་ཁྱིམ་དུ་ལོག ཁོང་གིས་ཞིང་ཆེན་གྲོང་ཁྱེར་དུ་སྤོས་ཀྱང་རྩྭ་ཐང་གི་དམངས་གཞས་དང་བྲལ་ཐབས་མེད་ཅེས་བཤད། ཁྱིམ་དུ་སླེབས་མ་ཐག་བཙན་ཆེན་གྱིས་སྐད་དུང་བཏོན་ནས་སྒྲ་སྐྱེད་སྒྲིག་ཆས་གསར་རྐྱང་ཞིག་ལ་བྱིལ་བྱིལ་བཏང་བཞིན“ལས་དབང་གི་རྐྱེན་པས་འབྲེལ་འདྲིས་བྱུང་བའི་གཉེན་ཉེ་དང་གྲོགས་པོ་ཚོ། ཁྱེད་ཚོས་དྲི་ཞིམ་འཐུལ་བའི་འོ་ཇ་བཞེས་དང”ཞེས་པའི་གླུ་གཞས་བཏང་བཞིན་དགའ་སྤྲོའི་ངང“གཉེན་ཉེ་ཚོ་སླེབས་རྗེས་ང་ཚོས་ད་དུང་མུ་མཐུད་གླུ་གཞས་གཏོང་གི་ཡིན”ཞེས་བཤད།