[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་དབུས་ལམ་མྱུར་བགྲོད་ལྕགས་ལམ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-30

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་28ཉིན། ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་དབུས་ལམ་མྱུར་བགྲོད་ལྕགས་ལམ་སྐྲུན་འགོ་ཚུགས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱར་བགྲོད་ལམ་ཆེན་པོ་ཞིག་མང་དུ་འགྲོ་རྒྱུ་རེད།

    ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་དབུས་ལམ་མྱུར་བགྲོད་ལྕགས་ལམ་དེ་ཁྲུང་ཆིང་ལྟེ་བའི་ཁྲུང་ཆིང་བྱང་ཚུགས་ནས་འགོ་ཚུགས་ཏེ་ནུབ་ཏུ་ཁྲུང་ཆིང་གྲོང་ཁྱེར་ཡུས་པེ་ཆུས་དང་། ཧྲ་ཕིང་པ་ཆུས། པི་ཧྲན་ཆུས། ཐུང་ལེང་ཆུས། ཏ་ཙུའུ་ཆུས་བཅས་དང་། སི་ཁྲོན་ཞིང་ཆེན་ཙི་དབྱང་གྲོང་ཁྱེར་དང་ཁྲེང་ཏུའུ་གྲོང་ཁྱེར་བརྒྱུད་ཁྲེང་ཏུའུ་ལྟེ་བའི་ཁྲེང་ཏུའུ་བབས་ཚུགས་སུ་འབྱོར་ཞིང་། མ་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་292ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་ཡོད། ཁུལ་དུམ་ཁག་གཅིག་ལ་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་བའི་ཆ་རྐྱེན་ཡོད་པ་དང་། འཛུགས་སྐྲུན་དུས་ཡུན་ལོ་5རེད།

    རྣམ་གྲངས་བསྐྲུན་རྗེས། བསྐྲུན་ཟིན་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱས་པའི་ཤིས་ཨན་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཀྲེང་ཀྲོའུ་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ། སྐྲུན་བཞིན་པའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲེང་ཏུའུ་ནས་ཏ་ཀྲོའུ་དང་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཤིས་ཨན་ནས་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲུང་ཆིང་ནས་དབན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ལམ་ཐིག་མང་པོ་འབྲེལ་མཐུད་ཐུབ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་ཐེབས་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་བར་གྱི་འགྲུལ་བཞུད་དུས་ཚོད་སྔར་བས་ཐུང་དུ་ཕྱིན་ཏེ་ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་དང་། དེས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་རྒྱུར་རམ་འདེགས་ཐུབ་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།