
ཉེ་ཆར། བོད་ཀྱི་ས་མཐོའི་ཁུལ་གྱི་ནུས་པ་མང་བའི་ཐབ་ཆས་བཟོ་བའི་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། གཙོ་བོ་བཙའ་མི་རྒྱག་པའི་ངར་ལྕགས་དང་ཐའེ་ལྕགས་བསྲེས་མ་རྒྱུ་ཆར་བྱས་པའི་ནུས་པ་མང་བའི་རླངས་རྡིག་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད།
ས་མཐོའི་ཁུལ་དུ་ཐབ་ཆས་སྤྱོད་མི་བདེ་བ་དང་། གནོན་ཤུགས་མི་འདང་བ། ནུས་པ་ཉུང་བ། བདེ་འཇགས་མེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། བོད་ཀྱིས་རྒྱལ་ནང་གི་སྣེ་འདྲེན་ཁེ་ལས་མང་པོ་ཞིག་སྒྲིག་འཛུགས་བྱས་ཏེ། ས་མཐོའི་འཚོ་བ་སྐྱེལ་སྟངས་དང་མཐུན་པའི་ཐབ་ཆས་ཞིབ་འཇུག་དང་ཐོན་སྐྱེད་བྱས་ནས་ས་མཐོའི་ཐབ་ཆས་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
འདི་ནི་ཟླ་11ཚེས་27ཉིན་ལྷ་སའི་བཟོ་གྲྭ་ཞིག་ཏུ་བཟོ་པས་གློག་ཆས་ལྷུ་སྒྲིག་བཟོ་འཁོར་མདུན་དུ་ལས་ཀ་བྱེད་བཞིན་པ།