[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཏུང་ཚེ་ཕུག་ལམ་གྱི་ལམ་ཐིག་གཡོན་མ་བདེ་བླག་ངང་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-11-30

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཡག་ཡེ་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་གཞིས་རྩེ་བར་གྱི་ལམ་དུམ་འཛུགས་སྐྲུན་རྣམ་གྲངས(གཤམ་དུ་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཞེས་བསྡུ་རྒྱུ)ཀྱི་ལམ་དུམ་ཨང་11པའི་ཏུང་ཚེ་ཕུག་ལམ་གྱི་ལམ་ཐིག་གཡོན་མ་སྔོག་འདོན་གྱི་ལས་འགན་ལེགས་སྒྲུབ་བྱུང་ནས། བདེ་བླག་ངང་ཏལ་འབིགས་ཐུབ་པ་དེ་ཐོག་ནས་རྣམ་གྲངས་དེ་ལས་ཐོན་བསྐྱར་ཚུགས་བྱས་པར་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོན་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བཅུ་པ་ནས་བཟུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལྷ་གཞིས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱུང་ཡོད། མིག་སྔའི་བར། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོའི་ལས་ཡུལ་ཁག་23སླར་གསོ་བྱས་པ་དང་། རིམ་རྩིས་བྱས་ན་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་གྱི་65.34%ལེགས་གྲུབ་ཟིན་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཨར་སྐྲུན་འཕེལ་རིམ་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་ཆེད། ལྷ་གཞིས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་བཀོད་འདོམས་པུས་དགུན་དུས་ཨར་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10.15མངོན་འགྱུར་ཡོང་བའི་འཆར་གཞི་བཏིང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།