[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནམ་ཡང་གནས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཀྲེང་ཧའེ་ཨོ།    |    སྤེལ་དུས།   2022-09-07

    རླབས་ཆེན་ནི་སྤྱིར་བཏང་ཁྲོད་ཐོན་པ་དང་། སྤྱིར་བཏང་ཁྲོད་རླབས་ཆེན་ཐོན་ཞིང་། “ཀྲུང་གོའི་མི་བཟང”དང་། “ཀྲུང་གོའི་ཆེས་མཆོག་ཏུ་གྱུར་བ་ནི་སྤྱིར་བཏང་གི་ལས་ཀའི་ཁྲོད་སྤྱིར་བཏང་མིན་པའི་བྱས་རྗེས་བཏོད་པ་དེ་ཡིན”

    ལི་ཧྥེ་ཧྲེང་དང་ཧུའུ་ཞའོ་ཁྲུན་ནི་ཧོང་ཧྲན་མཛེས་ལྗོངས་ཁུལ་དུ་ཁོར་ཡུག་གཙང་སྦྲ་བ་དང་མགྲོན་བསུའི་ཐང་ཤིང་སྲུང་མཁན་ཞིག་ཡིན། ལོ་མང་རིང་བྲག་གཡང་ཁྲོད་ཁོར་ཡུག་གཙང་སྦྲ་བྱས་པ་དང་ལོ་ནས་ལོ་བར་ལོ་ངོ་སྟོང་གི་མགྲོན་བསུའི་ཐང་ཤིང་བསྲུངས་ནས་སེམས་ནུས་ཡོད་རྒུས་མཛེས་སྡུག་ལྡན་པའི་ཧོང་ཧྲན་སྲུང་བཞིན་མཆིས། 2012ལོ་ནས་2021ལོ་བར། ཁོང་གཉིས་པོ་སྔ་རྗེས་སུ་ལས་བཀུར་ལེགས་སྐྱེས་རིགས་ཀྱི“ཀྲུང་གོའི་མི་བཟང”ལ་བདམས་པ་རེད།

    ཟླ་8ཚེས་13ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་མི་བཟང”གི་མཚན་སྙན་ཐོབ་མཁན་ལི་ཧྥེ་ཧྲེང་དང་ཧུའུ་ཞའོ་ཁྲུན་ལ་འཕྲིན་ལན་སྤྲིངས་ནས། “ཁྱེད་གཉིས་ཀྱིས་མིག་དཔེའི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ། བདེན་ལེགས་མཛེས་གསུམ་ཁྱབ་སྤེལ་ཧུར་ཐག་གཏོང་བ་དང་དྲང་ནུས་བརྒྱུད་སྤྲོད་བྱས་ནས་ཉེ་འགྲམ་གྱི་མི་སྔར་བས་མང་བར་དགེ་བརྩོན་ཡར་ཐོན་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སྤྱི་ཚོགས་ཐོག་གི་སྤྱི་དམངས་ཡག་པོ་དང་། ལས་ཁུངས་ཀྱི་ལས་མི་ཡག་པོ། ཁྱིམ་ཚང་གི་ཁོངས་མི་ཡག་པོ་བཅས་ཧུར་ཐག་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།

    དུས་རབས་རླབས་པོ་ཆེས་སྙིང་སྟོབས་རླབས་པོ་ཆེ་ལ་འབོད་སྐུལ་བྱེད་པ་དང་བླ་ན་མེད་པའི་བྱ་གཞག་ལ་མིག་དཔེ་བཏོན་ནས་སྣེ་ཁྲིད་བྱེད་དགོས། མཉམ་སྡེབ་བམ་ཡང་ན་མི་སྒེར་136ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་ཐོབ་པ་དང་། མི་གྲངས་299ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་ཐོབ་པ། མི་གྲངས་300ལ“འབད་འཐབ་མཁན་ཡག་ཤོས”ཀྱི་གཟེངས་བསྟོད་བྱས་པ། “མི་སྣ་ཡག་ཤོས”736ཡོངས་བསྒྲགས་བྱས་པ། “ཀྲུང་གོའི་མི་བཟང”11585དཔྱད་འདེམས་བྱས་པ་ལ་སོགས་ལོ་བཅུ་གྲངས་རིང་ཀུན་སྤྱོད་དཔེ་བཟང་གི་མིག་དཔེའི་སྟོབས་ཤུགས་དེ་མང་ཚོགས་དུང་ཕྱུར་མང་པོའི་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་ནས་སྤྱི་ཚོགས་ཡོངས་སུ་བཟང་བཀུར་དགེ་ཕྱོགས་དང་། མིག་ལྟོས་ཡར་འདྲེན། གནམ་འོག་ཀུན་བཟང་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་པ་རེད།

    ཟླ་2ཚེས་4ཉིན་གྱི་དཔྱིད་དུས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་དར་བའི“ཀྲུང་གོའི་ཉམས་འགྱུར”ལས་འཛམ་གླིང་ལ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་པ་རེད།

    མེས་པོས་ཕྱོགས་སྡོམ་བྱས་པའི་གསར་རྩོམ་གྱི་ཆོས་ཉིད་ལ་བརྟེན་ནས་རང་ཉིད་ཀྱི་དམིགས་བསལ་གྱི་གསར་རྩོམ་རྣམ་པ་བཏོད་ཅིང་། “སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ནས་ཕོ་བྲང་ནང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེ་མོའི་ཐོག་བཤམས་སྟོན་བྱས་པའི་ཤུལ་བཞག་དངོས་རྫས། དཔེ་རྙིང་ནང་འཁོད་པའི་ཡིག་རིགས་བཅས་མི་ཉམས་གོང་འཕེལ་ཡོང་བ་བྱེད་པ”དང“ཀྲུང་ཧྭའི་རིག་གནས་ཀྱི་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་གཏོང་ཐུབ་པར་བྱེད་དགོས” ལོ་བཅུའི་རིང་རྒྱ་ཆེའི་རིག་གནས་རིག་རྩལ་ལས་དོན་པས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་འདུ་ཤེས་དང་། མི་ཆོས་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་བྱས་ནས་སྒྱུ་རྩལ་གྱི་གསར་གཏོད་ནུས་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་རིན་ཐང་མཉམ་འདྲེས་བྱས་པ་དང་ཀྲུང་ཧྭའི་མཛེས་རིག་སྙིང་སྟོབས་དང་དེང་གི་མཛེས་དཔྱད་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་དང་གནའ་རྫས་རྟོག་ཞིབ་དང་། རྟེན་རྫས་བཤམས་མཛོད་ཁང་། མངོན་མིན་རིག་གནས་ཤུལ་བཞག སྙན་ངག་སོགས་དར་དང་དར་བཞིན་ཡོད་པ་རེད།

    དཔེ་མཛོད་ཁང་དང་རྟེན་རྫས་བཤམས་མཛོད་ཁང་སོགས་སྤྱི་པའི་རིག་གནས་ཁང་དུ་སློབ་སྦྱོང་བྱ་རྒྱུ་དེ་ནི་མི་མི་ཉུང་བ་ཞིག་གི་གདམ་གར་གྱུར་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་སྤྱི་པའི་དཔེ་མཛོད་ཁང་དང་། རིག་གནས་ཁང(ས་ཚིགས)མཛེས་རྩལ་ཁང་བཅས་དང་རྟེན་རྫས་བཤམས་མཛོད་ཁང་91%རིན་མི་དགོས་པར་སྒོ་ཕྱེ་བ་དང་། གྲངས་འཛིན་དཔེ་མཛོད་ཁང་དང་། རྒྱལ་ཁབ་སྤྱི་པའི་རིག་གནས་དྲ་ཐོག་ལས་སྟེགས། “དྲ་ཐོག་རྟེན་རྫས་བཤམས་མཛོད་ཁང”སོགས་གྲངས་འཛིན་ཅན་གྱི་མྱོང་རོལ་ལས་སྟེགས་ལས་མང་ཚོགས་ཕྱིར་སྐྱོད་མི་དགོས་པར་དྲ་ཐོག་ནས་སྤུས་ལེགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་སོགས་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད། ལོ་བཅུའི་རིང་རང་རྒྱལ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།