[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས།

    ནུས་ཤུགས་ཡོད་རྒུས་སི་ཁྲོན་ལྕགས་ཟམ་རྫོང་གི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱེད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-09-07

    གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཐོག སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་བྱུང་ཞིང་། མིག་སྔར་གེགས་བར་གྱི་གནས་ཚུལ་ཞིབ་བཤེར་དང་བསྡོམས་རྩིས་ཞིབ་ཚགས་བྱེད་བཞིན་ཡོད་པ་རེད།

    ས་ཡོམ་བརྒྱབ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་འཕྲལ་དུ་རྒྱལ་ཁབ་ཀྱི་ས་ཡོམ་འཕྲལ་སྡོམ་རིམ་པ་གསུམ་པ་དང་ལེན་བྱེད་འགོ་བཙུགས་པ་དང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་གཞོན་པ་དང་འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་ཝང་ཞང་ཞི་ཡིས་པུའུ་བཀོད་འདོམས་ལྟེ་གནས་སུ་ཡོམ་འགོག་གེགས་སེལ་ལས་དོན་རྒྱུན་མཐུད་བཀོད་གཏོང་དང་བཀོད་སྒྲིག་བྱས་པ་རེད། ནུས་ཤུགས་ཡོད་རྒུས་སི་ཁྲོན་གྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱ་ཆེད། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་དེ་ཉིན་སི་ཁྲོན་ཞིང་ཆེན་གྱི་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་5000འཕྲལ་མར་སྔོན་གཏོང་བྱས་ནས་འཕྲལ་སྡོམ་ཉེན་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ལ་སྤྱི་འདོམས་ཐོག་སྤྱད་དེ་གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་། གཞན་སྒྱུར་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་འཕྲལ་སྡོམ་ཐག་གཅོད་དང་། ཞོར་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འཕྲལ་སྡོམ་བཅོས་སྒྲིག ལོག་པ་དང་གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྤེལ་བ་རེད། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཉིན་དེར་སི་ཁྲོན་ལྕགས་ཟམ་རྫོང་ལ་གུར་3000དང་། སྲིང་བལ་ཉལ་ཆས་ཁྲི་1 ལྟེབ་ཁྲི་ཁྲི་1སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་སྤྲད་ནས་ས་གནས་ལ་ཡོམ་འགོག་གེགས་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་གཞན་སྒྱུར་བཀོད་སྒྲིག་སོགས་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

    ཚེས་5ཉིན་གྱི་ཆུ་ཚོད་16བར། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་1100ལྷག་ཙམ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་མི་50 པུའུ་རང་བྱུང་གནོད་འཚེ་ལས་གྲྭའི་རོགས་སྐྱོབ་ལྟེ་གནས(ཀྲུང་གོའི་བདེ་འཇགས་ནུས་པ)ཀྱི་མི་98 སྒྲིག་ཆས་ཆ་ཚང་31 རོགས་སྐྱོབ་ཐད་འཕུར་གནམ་གྲུ་1བཅས་ས་ཡོམ་རྒྱག་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བར་བཏང་བ་རེད། དེ་དང་ཆབས་ཅིག་འཕྲལ་སྡོམ་དོ་དམ་པུས་ཁྲུང་ཆིང་དང་། ཀན་སུའུ། ཀུའེ་ཀྲོའུ། ཡུན་ནན། མཚོ་སྔོན་སོགས་མཐའ་འཁོར་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་ཀྲུང་གོའི་ས་ཡོམ་རོགས་སྐྱོབ་རུ་ཁག་གི་མི་3600ལྷག་ཙམ་དང་འཚོལ་སྐྱོབ་ཁྱི་70ལྷག་ཙམ་སྐོང་བསྡུ་བྱས་ནས་ས་ཁོངས་སྒྲོལ་བའི་རོགས་སྐྱོབ་ཀྱི་གྲ་སྒྲིག་ཨང་བསར་བྱས་ཏེ་བཀའ་སྒུག་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།