[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2022ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-09-07

    ཟླ་9ཚེས་5ཉིན་གྱི་སྔ་དྲོ། 2022ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཨན་ཧུའེ་ཧོ་ཧྥེའི་པིན་ཧུའུ་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བཅུ་ཡིས་མཉམ་དུ་གཉེར་ཞིང་། སྲིད་གཞུང་དང་། ཚན་ཞིབ་ལས་ཁུངས། ཁེ་ལས་བཅས་ནས་ཡོང་བའི་སྐུ་མགྲོན་ཆིག་སྟོང་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། འགོ་འཛུགས་མཛད་སྒོའི་ཐོག རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སློབ་གསོའི་ལག་རྩལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟ་ཁུལ་ཁག་དང་པོའི་སྒོ་བྱང་སྤྲད་པ་རེད། ཚེས་4ཉིན་གྱི་ཕྱི་དྲོར། 2022ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་དྲ་རྒྱའི་བདེ་འཇགས་དངོས་མང་སྟོན་ཚོགས་འགོ་ཚུགས་པ་རེད།

    སྐབས་འདིའི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱིས“དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དྲ་རྒྱའི་བདེ་འཇགས་དངོས་མང་སྟོན་ཚོགས་དང་། དྲ་རྒྱའི་བདེ་འཇགས་འགྲན་བསྡུར། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས་བཅས་དང་ཡན་ལག་གླེང་སྟེགས་8སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་པ་དང་། ཚོགས་ཞུགས་སྐུ་མགྲོན་གྱིས་གཞོན་ནུ་ལོ་ཆུང་གི་དྲ་རྒྱ་སྲུང་སྐྱོང་དང་། རླངས་འཁོར་གྱི་གྲངས་གཞི་བདེ་འཇགས། དྲ་རྒྱའི་བདེ་འཇགས་ཚད་གཞི་དང་ཐོན་ལས་སྒྲིག་ཆས་འཕེལ་རྒྱས། མིས་བཟོས་རིག་ནུས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། ཚད་རྡུལ་བདེ་འཇགས། རྒྱལ་སྲུང་དྲ་རྒྱའི་བདེ་འཇགས། འབྲི་ཆུའི་ཟུར་གསུམ་གླིང་གི་དྲ་རྒྱའི་བདེ་འཇགས་མཐུན་སྦྱོར་འཕེལ་རྒྱས། IPv6 རབས་རྗེས་མའི་དྲ་སྦྲེལ་བདེ་འཇགས་སོགས་ཀྱི་གྲོས་གཞིར་དམིགས་ཏེ་དྲ་རྒྱའི་བདེ་འཇགས་སློབ་གསོའི་ལག་རྩལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་མཉམ་དུ་གྲོས་བསྡུར་བྱས་ནས་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་རྩལ་ནུས་ཆེ་རུ་ཧུར་ཐག་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།