རིམས་ནད་ཐོན་རིང་། སྤྱི་དམངས་ལ་གཉིད་ཡག་པོ་མི་ཁུག་པ་དང་། སེམས་ཁྲལ་ཆེ་བ། དངངས་སྐྲག་སྐྱེས་པ། འགོས་ནད་ཕོག་པའི་སེམས་ཁྲལ་སོགས་ཡོང་སྲིད་པས། སྐབས་དེར་སེམས་ཁམས་སྙོམ་སྒྲིག་ཡག་པོ་བྱེད་དགོས། ཐོག་མར་རྒྱུན་ལྡན་གྱི་འཚོ་བའི་ཆོས་ཉིད་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཁྱིམ་དུ་ཡུན་རིང་བསྡད་ཀྱང་འཚོ་བ་སྐྱེལ་སྟངས་དང་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱེད་པ་དང་། ཉལ་ཁར་རིམས་ནད་ཀྱི་འབྲེལ་ཡོད་ཆ་འཕྲིན་བལྟས་ཚེ་དངངས་སྐྲག་དང་འཇིགས་སྣང་སོགས་སྐྱེས་ནས་གཉིད་ཡག་པོ་མི་ཁུག་པས་རིམས་ནད་རིགས་ཀྱི་ཆ་འཕྲིན་ལྟ་རྒྱུ་མེད། འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་རིམས་ནད་ཐོན་རིང་གི་འཚོ་བའི་འཆར་གཞི་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་གླུ་གཞས་ཉན་པ་དང་ལུས་སྦྱོང་བྱེད་པ་སོགས་བརྒྱུད་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ལུས་སེམས་གཉིས་ཀ་ལྷོད་པོ་ཡོང་བར་བྱས་ནས་སེམས་ཁམས་བརྟན་པོ་ཡོང་བ་བྱེད་དགོས། དེ་ནས་ཁ་པར་རྒྱག་པ་སོགས་ཀྱི་ཐབས་ལམ་བརྒྱུད་གཉེན་ཉེ་དང་ལས་རོགས་ལ་འབྲེལ་གཏུག་བྱེད་པ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། མཇུག་ཏུ་རིམས་ནད་ལ་དོ་ཁུར་འོས་འཚམ་བྱས་ནས་གཞུང་ཕྱོགས་ཀྱི་གནས་ཚུལ་སྤེལ་གཏོང་ལ་གཞིགས་ནས་རིམས་ནད་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་པ་ལས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་ཚན་རིག་གི་སྟོབས་ཤུགས་ལ་ཡིད་ཆེས་བྱས་ནས་རིམསའགོག་གི་ཡིད་ཆེས་བརྟན་དུ་གཏོང་དགོས།