[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་རིག་གནས་སྟོབས་ཆེའི་ཁུལ་སྐྲུན་པའི་གོམ་སྟབས་བརྟན་ལ་མགྱོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-08-05

    ■ སྤྱི་པའི་རིག་གནས་ཞབས་འདེགས་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་། སྒྱུ་རྩལ་གསར་རྩོམ་འཁྲབ་སྟོན་དར་རྒྱས་གོང་འཕེལ་བཏང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། བེད་སྤྱོད་བཅས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་བ། ཆ་འཕྲིན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

     ཉེ་ཆར་གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་57སོང་རིང་། ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་རིག་གནས་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ཡོད། མིག་སྔའི་བར་བོད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་2800ལྷག་ཙམ་ཡོད་པ་དང་། ཆ་སྙོམས་ལོ་རེར་རིག་གནས་དམངས་ཕན་གྱི་འཁྲབ་སྟོན་ཐེངས་ཁྲི་4བྱས་པ་དང་རིག་རྩལ་དཔུང་ཆེན་ཁྲི་10གྲོང་ཁྱེར་དང་གྲོང་གསེབ་དང་། འབྲོག་ཁུལ། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་བཅས་ལ་ཁྱབ་ནས་དུས་རབས་གསར་པའི་རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཡོད། བོད་འདི་ཉིད་རྒྱལ་ནང་ཙམ་མ་ཟད། ཐ་ན་འཛམ་གླིང་ཁྱབ་ཁོངས་སུ་རིག་གནས་རྒྱུན་འཛིན་མ་ལག་འཐུས་སྒོ་ཚང་ཤོས་དང་། རིག་གནས་ཉར་ཚགས་ཀྱི་སྣ་ཁ་ཕུན་སུམ་ཚོགས་ཤོས། རིག་རྩལ་འཕེལ་རྒྱས་དང་དར་རྒྱས་ཆེ་ཤོས་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

    རིག་གནས་བོད་སྐྱོར་གྱི་ལས་དོན་ཧུར་ཐག་སྤེལ་ཞིང་། ཉེ་བའི་ལོ་ཤས་རིང་། རིག་གནས་དང་ཡུལ་སྐོར་པུས་རྣམ་གྲངས་དང་། སྲིད་ཇུས། མ་དངུལ། ཤེས་ལྡན་མི་སྣ་བཅས་ཀྱི་ཐད་བོད་ཀྱི་རིག་གནས་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་བོད་ཀྱི་རིག་གནས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་རོགས་རམ་བྱས་ཡོད། འདས་ཟིན་པའི་ལོ་5ཡི་ནང་རིག་གནས་དང་ཡུལ་སྐོར་པུས་བོད་ཀྱི་རིག་གནས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་15ལྷག་ཙམ་བཏང་སྟེ་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་དང་རིག་གནས་རིགས་གཅིག་མཁས་ཅན་200ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་མངགས་པ་དང་“མངགས་ཐོ་རྣམ་པའི”རིག་གནས་རིགས་གཅིག་མཁས་ཅན་37ཁག་གསུམ་ལ་བགོས་ནས་བོད་དུ་མངགས་ནས་བོད་ཀྱི་རྩེར་སོན་འཁྲབ་ཚན་གཏོད་པར་རོགས་རམ་བྱས་པ་དང་། སྤྱི་པའི་རིག་གནས་འཛུགས་སྐྱོང་གི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་བས་རིག་གནས་བོད་སྐྱོར་བྱེད་སྟངས་ལ་གསར་གཏོད་གལ་ཆེན་བྱུང་ཡོད།

    སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། བོད་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་གྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་དོ་དམ་དང་ཞབས་ཞུའི་ལས་རྗེས་ཞིབ་དཔྱད་བྱ་ཐབས》སོགས་ལམ་ལུགས་20ལྷག་ཙམ་བཟོས་ནས་བཏོན་པ་དང་བོད་ཀྱི་ཆེད་ལས་རིག་རྩལ་ཚོགས་པ་10ཡི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་76དང་། ཤང(གྲོང་རྡལ)གི་རིག་རྩལ་འཁྲབ་སྟོན་རུ་ཁག་395 དམངས་ཁྲོད་ལྷ་མོ་རུ་ཁག་153 སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཅས་སྔ་རྗེས་སུ་བཙུགས་པས། རིག་རྩལ་དཔུང་རོགས་ཆེན་པོ་ཁྲི་10ཙམ་ཞིང་ཁུལ་དང་འབྲོག་རར་ཁྱབ་ཡོད། “ཁུལ་གསུམ་ཤེས་ལྡན་མི་སྣར”རྒྱབ་སྐྱོར་བྱེད་པའི་འཆར་གཞིའི་ཆེད་སྤྱོད་གྲོན་དངུལ་སྒོར་དུང་ཕྱུར་1.2དོན་འཁྱོལ་བྱས་པ་དང་། རིག་གནས་ལས་དོན་པ་2000ལྷག་ཙམ་གཞི་རིམ་དུ་མངགས་པ། གཞི་རིམ་དུ་རིག་གནས་ལས་དོན་པ་3000ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད། རིག་གནས་སྒྲིག་བཀོད་དྲ་བའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་དཔེ་མཛོད་ཁང་82དང་། རིག་གནས་མང་ཚོགས་སྒྱུ་རྩལ་ཁང(ས་ཚིགས)82 རྫོང(ཆུས)གི་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱ་ཡུལ་39 ཤང(གྲོང་རྡལ)གི་ཕྱོགས་བསྡུས་རིག་གནས་ས་ཚིགས་692 རིག་གནས་ཐང་ཆེན་1600ཙམ་སོགས་བོད་ལྗོངས་ཡོངས་སུ་ཁྱབ་ཡོད། ཉིང་ཁྲི་དང་ལྷ་ས་སོགས་གྲོང་ཁྱེར་4ཡིས་ཁག་བགོས་ནས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་བཙུགས་པ་དང་། 2021ལོ་ནས་2023ལོའི་བར“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”2དང་2021ལོ་ནས་2023ལོའི་བར“བོད་རང་སྐྱོང་ལྗོངས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”24ལ་མིང་བཏགས་ཡོད།

    ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ལ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་ཞིང་། བོད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4ལྷག་ཙམ་བཏང་ནས་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་བསྐྲུན་ཡོད། བོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་3དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་106དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96 བོད་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་460དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་522བཅས་ཡོད་པ་དང་རྣམ་གྲངས་2034དང་མི་1050གྲོང་ཁྱེར་དང་རྫོང་རིམ་པའི་མིང་གཞུང་ནང་བཅུག་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་དངོས(གནས་སྤོ་མི་ཐུབ་པ)ངོ་སྤྲོད་མདོར་བསྡུས》ཀྱི་སྒྲིག་བཟོའི་ལས་དོན་ལེགས་སྒྲུབ་བྱས་ནས་གསར་བརྗེའི་རིག་དངོས་ས་ཚིགས་138ལ་བརྟག་དཔྱད་ཐོ་འགོད་བྱས་ཏེ་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། རྫོང་དང་གྲོང་ཁྱེར་རིམ་པ་བཅས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་70དང་། 603 1314བཅས་སོ་སོར་འདུན་ཞུ་བྱས་པ་དང་། གནའ་གཞུང་ཡོངས་བཤེར་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཆེའི་གནའ་གཞུང་གི་མིང་གཞུང》བཟོས་པ་དང་གནའ་གཞུང་231(པོ་ཏི་305)རྒྱལ་ཁབ་ཀྱི་གནའ་གཞུང་རྩ་ཆེན་གྱི་མིང་གཞུང་ནང་བཅུག་པ་དང་ཚན་པ་4“རྒྱལ་ཡོངས་གནའ་གཞུང་གི་གཙོ་གནད་སྲུང་སྐྱོང་ཚན་པར”གཏན་འཁེལ་བ་དང་། བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་དེ་2012ལོའི་སྒོར་དུང་ཕྱུར་12.78ནས་2021ལོའི་སྒོར་དུང་ཕྱུར་68.87བར་འཕར་ནས་རིགས་ཁག་གི་རིག་གནས་ཁེ་ལས་7000ཙམ་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོ་ལས་ལྡབ་1.5འཕར་བ་དང་ལས་ཞུགས་མི་སྣ་ཁྲི་6ལྷག་ཙམ་ཡོད་པ་དང་བོད་ཀྱི་རིམ་བཞིའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང)344ཡོད་པ་རེད། “རིག་གནས་བོད་ལྗོངས”ཀྱི་སྤུས་རྟགས་སྣེ་འདྲེན་དུ་བྱེད་པ་དང་། “བོད་ལ་མྱོང་རོལ་བྱེད། རང་རེའི་ཀྲུང་ཧྭ་ལ་དགའ་ཞེན་བྱེད”ཅེས་པ་སོགས་ཀྱི་སྤུས་རྟགས་རྐང་འཛིན་དུ་བྱས་ནས་རིག་གནས་སྤུས་རྟགས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    ཆ་འཕྲིན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། བོད་ཀྱིས་བོད་ཡོངས་ཀྱི“ལས་སྟེགས་གཅིག”དང་། “སྤུས་རྟགས་གཅིག” “དྲ་བ་གཅིག” “སྤྲིན་ཚོམས་གཅིག”བཅས་ལ་དམིགས་ནས་གྲངས་འཛིན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་བོད་རང་སྐྱོང་ལྗོངས་ཡན་ལག་ལྟེ་གནས་1དང་། གྲོང་ཁྱེར(ས་ཁུལ)ཉིང་ལག་ལྟེ་གནས་7 རྫོང(ཆུས)ཉིང་ལག་ལྟེ་གནས་74 ཤང་དང་གྲོང་རྡལ་གྱི་གཞི་རིམ་ས་ཚིགས་697 གྲོང་གསེབ་ཀྱི་གྲངས་འཛིན་རིག་གནས་ས་ཚིགས་ཀྱི་རྣམ་གྲངས་5492བཅས་བསྐྲུན་ཡོད། 9.33TBཡི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཀྱི་གྲངས་འཛིན་ཐོན་ཁུངས་50ཙམ་བསྐྲུན་པ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྒྱུར་བཟོའི་གྲངས་འཛིན་ཐོན་ཁུངས་ཆུ་ཚོད་4169ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།