[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཀྲུང་གོའི་ལོ་བཅུ་པོ་འདི·བོད་ལྗོངས”གྲངས་གཞི་ལས་འཕོ་འགྱུར་ཆེན་པོ་གླེང་བ།

    བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་དམིགས་བསལ་གསར་འགྱུར།​

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-08-05

    མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་ཟིན་པ་དང་། ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་། དཔེ་བཟང་མི་སྒེར་189 རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་མཉམ་སྡེབ་1794 དཔེ་བཟང་མི་སྒེར་2657བཅས་ཐོན་པ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་1.3འཕར་ནས་ལོ་རེར་ཆ་སྙོམས་9.5%ཡན་འཕར་བ། ལྗོངས་ཡོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཡན་ཟིན་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་པ་སོགས་རེད།

    ཟླ་8ཚེས་2ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“ཀྲུང་གོའི་ལོ་བཅུ་པོ་འདི·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཟང་མང་པོ་གྲགས་ཤིང་། ཉིན་མཚན་3600ལྷག་ཙམ་འབད་འཐབ་བྱས་ཏེ་བློ་ཡིད་ཚིམ་པའི་རྒྱུགས་ལན་རེ་རེ་ཕུལ་ནས་སྤྱིར་བཏང་མིན་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    དུས་རབས་གསར་པ་དང་རྒྱང་ལམ་གསར་པ་ནས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། “དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་སྒྲིལ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ནུས་ལྡན་གྱི་མ་འཇོག་བྱེད་ཚད་ཆེ་རུ་ཧུར་ཐག་བཏང་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་12ལས་བརྒལ་བ། རླངས་འཁོར་ཤར་གཏོང་ཐུབ་པའི་རིམ་མཐོའི་གཞུང་ལམ་ལམ་ཐག་སྤྱི་ལེ་1105ཟིན་པ། ལྕགས་ལམ་གྱི་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་1357ཟིན་པ། ཁྲོན་བོད་ལྕགས་ལམ་ལམ་ཐིག་ཡོངས་ལས་འགོ་བཙུགས་པ། ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་བསྐྱོད་པ། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་150བཏོད་དེ་གྲོང་ཁྱེར་62ལ་མཁའ་ལམ་ཤར་གཏོང་ཐུབ་པ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ལྷག་ཙམ་ཟིན་པ། བོད་དབུས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་བོད་ཀྱི་ཆུ་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པ་བཅས་རེད།

    སློབ་གསོའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཚོར་བུ་བཅོལ་ཁང་དང་། ཤང་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་། རྫོང་དུ་དམའ་རིམ་སློབ་འབྲིང་། ས་ཁུལ་དང་གྲོང་ཁྱེར་དུ་མཐོ་རིམ་སློབ་འབྲིང་བཅས་ཡོད་པས་ཅུང་འཐུས་སྒོ་ཚང་བའི་སློབ་གསོའི་མ་ལག་ཅིག་གྲུབ་པ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་བ། ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་སྐྱོད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལོ་15ཡི་གཞུང་གྲོན་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་མཐོ་རུ་བཏང་ནས་ལོ་སློབ་མ་མི་རེར་ལོ་རེར་ཆ་སྙོམས་སྒོར་4200ཟིན་པ། གཞི་རིམ་གྱི་དགེ་རྒན་དཔུང་ཁག་བརྟན་པོ་ཡོང་བ་བྱས་ནས་ཤང་དང་གྲོང་ཚོའི་དགེ་རྒན་གྱི་ཟླ་རེའི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ཆ་སྙོམས་སྒོར་1000ཟིན་པ། ཆ་འཕྲིན་ཅན་ལ་བརྟེན་ནས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་སྟེ་ཇོ་མོ་གླང་མའི་སྤྲིན་ཚོམ་སློབ་གསོའི་ལས་སྟེགས་བསྐྲུན་པ་དང་། ལྷག་པར་དུ་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། བོད་ཀྱི་སློབ་གྲྭའི་སློབ་མ་དང་བོད་སྐྱོར་དར་རྒྱས་ཞིང་ཆེན་གྱི་ལོ་རིམ་གཅིག་པའི་སློབ་མས་སྤུས་ལེགས་སློབ་གསོ་འདྲ་མཉམ་ལོངས་སུ་སྤྱོད་ཐུབ་པ་བཅས་རེད།

    རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་ལ་ཁྱབ་པའི་རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་ཞིག་རགས་ཙམ་བསྐྲུན་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྨང་གཞིར་བྱེད་པ་དང་། ནད་ཆེན་འགན་བཅོལ་ཁ་གསབ་ཏུ་བྱེད་པ། སྨན་བཅོས་རོགས་སྐྱོབ་ལ་བརྟེན་པ་བཅས་ཀྱི་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་ཅིག་ཆགས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642ཟིན་པ་དང་། ནད་ཁྲི་ཁྲི་1.7བར་མང་དུ་ཕྱིན་པ། འཕྲོད་བསྟེན་བདེ་ཐང་གི་ལས་གཉེར་མི་སྣ་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་པ་བཅས་རེད། མིག་སྔར་བོད་དུ“ནད་ཆེན”རིགས་400ལྷག་ཙམ་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2400ལྷག་ཙམ་གྲོང་ཁྱེར་དང་ས་ཁུལ་ནས་སྨན་བཅོས་ཐུབ་པ། རྒྱུན་མཐོང་གི“ནད་ཆུང”རིགས་རྫོང་རིམ་པའི་སྨན་ཁང་ནས་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བཅས་རེད། ལྗོངས་ཡོངས་ཀྱི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་45.5/ཁྲི་10དང་7.5‰བར་ཆག་པ་རེད། བོད་ཀྱི་གསོ་བ་རིག་པའི་བྱ་གཞག་གསར་གཏོད་འཕེལ་རྒྱས་བཏང་ནས་ལྗོངས་ཡོངས་སུ་གཞུང་བཙུགས་ཀྱི་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་47དང་། རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་བ་རིག་པའི་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་3 བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་1 བོད་སྨན་ཐོན་སྐྱེད་ཁེ་ལས་17བཅས་ཡོད་པ་རེད།

    བོད་ཀྱི་གསོ་བ་རིག་པའི་སྨན་ལུམས་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་དང་། 《རྒྱུད་བཞི》རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་ནང་བཅུག་པ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་ཆགས་ཏེ་བོད་སྨན་ཐོན་སྐྱེད་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་མངོན་འགྱུར་བྱུང་ཡོད།

    བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་དང་། སློབ་གྲྭ་འབྲིང་ཆུང་ཚང་མར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཚན་དང་བོད་སྐད་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཏེ་བོད་ཡིག་དེ་ཉིད་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་པོར་གྱུར་ཡོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་ཐུབ་པར་བྱེད་པའི་ལག་བསྟར་བསམ་འཆར་བཏོན་པ་དང་། ལག་བསྟར་ཡང་བྱས་པ་རེད།

    ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་ལེགས་གྲུབ་ལྡན་པའི་ངང་འཛུགས་གཏོད་བྱས་ཡོད།

    གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་ཐུབ་པ་དང་། མཐའ་མཚམས་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།