[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་གིས།

    “བདེ་སྐྱིད་ལྡན་པའི་སྒོ་རར་ཏང་དར་དམར”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-29

     ཏང་ཡོན་གྱི་འགན་འཁྲིའི་འདུ་ཤེས་དང་གདོང་ལེན་དཔེ་བཟང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། “མི་གཅིག་གིས་དུད་ཚང་གཅིག་གི་སྣེ་ཁྲིད་པ་དང་། དུད་ཚང་གཅིག་གིས་ཡུག་གཅིག་གི་སྣེ་ཁྲིད་པ། ཡུག་གཅིག་གིས་སྡེ་ཁུལ་གཅིག་གི་སྣེ་ཁྲིད་པ”བཅས་ཀྱི་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་གྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་ཆེད་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་སྡེ་ཁུལ་དང་མཉམ་དུ། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ“བདེ་སྐྱིད་ལྡན་པའི་སྒོ་རར་ཏང་དར་དམར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཏང་རྟགས་འདོགས་པ་དང་ཏང་ཡོན་གྱི་ཐོབ་ཐང་གསལ་སྟོན་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་ལས་དོན་མི་སྣས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ཁྱིམ་ཚང་ལ“གུང་ཁྲན་ཏང་ཡོན་གྱི་ཁྱིམ་ཚང”གི་སྒོ་བྱང་ཆུང་ཆུང་སྤྲད་དེ། གྲོང་མི་དང་ཏང་ཡོན་ལ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། འགྱུར་མེད་ཀྱི་དམ་བཅའ་བློ་ལ་བརྟན་པོར་ངེས་པ། ཏང་ཡོན་གྱི་རང་མདངས་ནམ་ཡང་གནས་པ་བཅས་བྱེད་དགོས་པ་མ་ཟད། ཐོབ་ཐང་གསལ་སྟོན་དང་། འགན་འཁྲི་གསལ་སྟོན། ཁས་ལེན་གསལ་སྟོན་བཅས་བྱས་ཏེ། ཏང་ཡོན་གྱི་ཐོབ་ཐང་གསལ་པོར་སྟོན་པ་དང་། ནུས་པ་ཆེ་རུ་གཏོང་བ། གཟུཌ་བརྙན་གཏོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གྲོང་མི་དང་ཏང་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང“གུང་ཁྲན་ཏང་ཡོན་གྱི་ཁྱིམ་ཚང”གི་སྒོ་བྱང་ཆུང་ཆུང་དེ་མེ་ལོང་དུ་བྱས་ནས་ཏང་ཡོན་གྱི་ཐོབ་ཐང་གསལ་སྟོན་དང་། མིག་དཔེ་ཡག་པོ་ཞིག་བྱེད་པ། ཏང་ཡོན་གྱི་གཟུཌ་བརྙན་གཏོད་པ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་ཁྱིམ་ཚང་ལ་ཤུགས་རྐྱེན་ཐེབས་པར་བྱེད་པ། ཏང་ཡོན་ཁྱིམ་ཚང་གི་བྱ་སྤྱོད་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྣེ་ཁྲིད་བཅས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།