[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱིས།

    ཏང་ཡོན་རྒན་གྲས་ལ“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་རྟེན་རྟགས་མ་སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-29

    ཏང་ཡོན་རྒན་གྲས་ཀྱི་ཆབ་སྲིད་ཀྱི་བསམ་པ་དང་། གཟི་བརྗིད་ཀྱི་བསམ་པ། གཏོགས་སེམས་བཅས་ཆེ་རུ་གཏོང་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་ཨུད་རྒྱུན་ཨུད་ཀྱི་ཚན་ཁག་གི་ཁོངས་མིས“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་རྟེན་རྟགས་མ་སྤྲོད་ཡུལ་གྱི་ཁྱིམ་དུ་འཚམས་འདྲི་དང་བཅར་འདྲིར་བསྐྱོད་དེ། ཏང་གི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ཀྱིས་རང་ནུས་ཡོད་རྒུ་འདོན་མཁན་དང་ཁྲེང་ཀོན་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཏང་ཡོན་རྒན་གྲས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏང་ཡོན་རྒན་གྲས་ཀྱིས་ཏང་གི་དྲོ་སྐྱིད་ཚོར་བར་བྱས་པ་རེད།

    ཏང་ཡོན་རྒན་གྲས་ཀྱི་ཁྱིམ་དུ་ཁྲེང་ཀོན་ཆུས་ཨུད་རྒྱུན་ཨུད་ཀྱི་ཚན་ཁག་གི་ཁོངས་མིས་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ཚབ་ཞུས་ཏེ། ཏང་ཡོན་རྒན་གྲས་ཀྱི་བདེ་ཐང་གནས་ཚུལ་དང་། བསམ་བློ་གཏོང་སྟངས། ཁྱིམ་ཚང་གི་གནས་ཚུལ་བཅས་ཞིབ་ཕྲ་དྲིས་པ་མ་ཟད། ཏང་ཡོན་རྒན་གྲས་ལ་དྲན་རྟེན་རྟགས་མ་བཏགས་ཏེ་ཏང་ཡོན་རྒན་གྲས་ཀྱིས་ཏང་གི་བྱ་གཞག་དང་ཁྲེང་ཀོན་གྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ལོ་མང་རིང་། ཏང་ཡོན་རྒན་གྲས་ཚོས་ཏང་ལ་བློ་དཀར་སེམས་དཀར་དང་། དར་ཆ་མཐོན་པོར་སྒྲེང་བ། ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཕོད་པ་བཅས་བྱས་ནས་ཁྲེང་ཀོན་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སེམས་ནུས་ཡོད་རྒུ་བཏོན་ཡོད་པ་རེད། ཏང་རྩ་འཛུགས་ཀྱིས་སྤྲད་པའི“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་རྟེན་རྟགས་མ་ཏང་ཡོན་རྒན་གྲས་བཀྲ་ཤིས་དོན་གྲུབ་ལ་འབྱོར་སྐབས། ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་དང་འབྲེལ། དགའ་ཚོར་ཆེན་པོས“གཞི་ནས་དྲན་རྟེན་རྟགས་མ་འདི་རག་བྱུང་། ཏང་རྩ་འཛུགས་ཀྱིས་དམིགས་བསལ་གྱི་བྱ་ཐབས་ཐོག་ནས་ང་ཚོ་བློ་མཐུན་རྒན་གྲས་ཚོར་བླ་ན་མེད་པའི་མཚན་སྙན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད། ལོ་70ལ་སླེབས་པའི་ཁོང་གིས་རྒན་ཡོལ་ཞུས་རྗེས་སྔར་བཞིན་ཏང་རྩ་འཛུགས་ཀྱིས་སྤེལ་བའི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ཀྱི་ཡོད་ཅིང་། དྲན་རྟེན་རྟགས་མ་ལྗིད་ཏིག་ཏིག་དེ་ལག་ཏུ་ཁྱེར་ནས་ལོ་ངོ་50ཡི་ཏང་གི་ལོ་རྒྱུས་ལ་དྲན་གསོ་བྱེད་སྐབས། ཁྲེང་ཀོན་འཛུགས་སྐྲུན་པ་མང་པོའི་ཁྲོད་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། ཁོང་གི་གཏམ་སྤྱོད་ཚང་མའི་གསིང་ནས་གཟི་བརྗིད་ཚོར་སེམས་དང་། སྤོབས་སེམས། སྐྱིད་སྣང་བཅས་ཟབ་མོ་རང་ཤུགས་སུ་མངོན་གྱི་འདུག

    མིག་སྔར། ཁྲེང་ཀོན་ཆུས་ཀྱིས་ལྷ་སར་ཡོད་པའི་ཏང་ལོ་50ལོན་པའི་ཏང་ཡོན་རྒན་གྲས་24ལ“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་རྟེན་རྟགས་མ་སྤྲད་པ་དང་། ཏང་ཡོན་རྒན་གྲས་ཚོས་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ནས་གསར་བརྗེའི་རླབས་ཆེན་གྱི་ལེའུ་བརྩམས་པ་རེད། ཏང་ཡོན་རྒན་གྲས་ཚོས། རང་ཉིད་ཀྱི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་བཏོན་ཏེ་ཁྲེང་ཀོན་ཆུས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་གྱིས། ཁྲེང་ཀོན་ཆུས་ཀྱི་འཕེལ་རྒྱས་ནང་ཞུགས་མཁན་དང་། གྲོས་འགོ་འདོན་མཁན། ཇུས་འདོན་མཁན་བཅས་ཧུར་ཐག་བྱས་ཏེ། ཁྲེང་ཀོན་ཆུས་ཀྱི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།