[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དམངས་འཚོའི་ལས་དོན་ཞིབ་པར་བསྒྲུབས། དམངས་ཀྱིས་དྲོ་སྐྱིད་ལྷག་པར་ཚོར།

    —— སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གིས་གཞི་རིམ་སྤྱི་ཚོགས་ཀྱི་གནད་སྨིན་བཅོས་སྐྱོང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-29

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གིས“དུས་བདེའི་སྟོད་ལུང”གཏོད་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། ལས་ཀའི་བྱེད་ཐབས་གསར་གཏོད་དང་། “ཉེན་ཁ་ཆེན་པོ་ལྔ”འགོག་སེལ་གྱི་ནུས་པ་ཆེ་རུ་གཏོང་བ། “ཤུགས་ཆེར་གཏོང་བ་བཞི”ཧུར་ཐག་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གནད་ལ་སྨིན་ཚད་མཐོ་རུ་བཏང་བ་དང་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཏན་ཏིག་བཏང་བ་རེད།

    ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས“སྣ་འདུས་ཐབས་བཟང”བཏོན་ཞིང་། ཕྱོགས་ཡོངས་ནས“གནས་ཆུང་གིས་ཁྱེད་ཁྱིམ་དུ་ལོག་རྒྱུར་བསུ”ཞེས་པའི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་རྟགས་བཏོད་ཁར། ཁྲོམ་གཞུང་གི་ད་ཡོད་ཀྱི་སྤྱི་པའི་ཐོན་ཁུངས་དང་ཟུང་འབྲེལ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་ལ་བརྟེན་ནས་དམངས་ལ་ཞབས་འདེབས་ཞུ་བའི་རྣམ་གྲངས་7སྔ་རྗེས་སུ་བཏོད་པ་དང་། “གནས་ཆུང་གིས་ཁྱེད་ཁྱིམ་དུ་ལོག་རྒྱུར་བསུ”ཞེས་པའི་དྲ་ཐོག་སྔོན་མངགས་ཀྱི་བྱ་རིམ་ཆུང་གྲས་འཚོལ་ཞིབ་བྱས་ནས་གསར་སྤེལ་བྱས་པ། གཅིག་གཏད་གཅིག་གི“སེམས་ཁམས་བློ་འདྲི”དང“ལས་རིཌ་འཆར་འགོད”ཀྱི་དྲ་ཐོག་སྔོན་མངགས་བྱེད་ནུས་སྤྱོད་འགོ་ཚུགས་པ། ཁྲོམ་གཞུང་ཚན་ཁག་གི་ཁོངས་མིས་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་གཤམ་སྐྱོད་ཀྱི་ཉིན་མོར་གཏན་འཁེལ་བྱས་ནས་རང་རང་གི་ཁག་བགོས་དོ་དམ་ཁྱབ་ཁོངས་སམ་གྲོང་ཚོ(གྲོང་ལྷན)ལ་བསྐྱོད་དེ། མང་ཚོགས་ཀྱི་གོང་ཞུ་དེ་ལས་བྱེད་པའི་གཤམ་སྐྱོད་ལ་འགྱུར་བ་རེད། འདི་ལོ་ནས་བཟུང་། ཁྲོམ་གཞུང་གི་ཏང་སྲིད་ཚན་ཁག་གི་ཁོངས་མིས་གཞི་རིམ་ལ་ཐེངས་720ལྷག་ཙམ་བསྐྱོད་རིང་། དམངས་ལ་བྱ་བ་དངོས་སྒྲུབ་པའི་མ་དངུལ་བེད་ཡག་པོ་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྒོར་ཁྲི་250.76རྒྱབ་སྐུལ་དང་། མ་དངུལ་སྒོར་ཁྲི་1250བཏང་ནས་ཆུ་བེད་དང་། གློག་ཤུགས། གྲོང་ཁྱེར་མཛེས་བཟོ། ཞིང་ལས་སོགས་དམངས་འཚོའི་རྣམ་གྲངས་14ཡི་གནད་དོན་ཐག་གཅོད་བྱས་པ་རེད།

    རིག་གནས་ཀྱིས་སྣེ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས“རང་འགུལ་དམག་འཐབ”ཡག་པོ་བརྒྱབ་ཅིང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ནས“གནས་ཆུང་གིས་ཁྱེད་རང་ཡུལ་ལ་དཔེ་ཀློག་ལ་བསུ”ཞེས་པའི་དཔེ་ཀློག་ཁང་བཏོད་དེ། ཁོངས་གཏོགས་ཁུལ་གྱི་གཞོན་ནུ་རྣམས་ལ་དཔེ་ཀློག་དང་། སློབ་སྦྱོང་། རང་ངོས་མཐོར་གཏོང་། ཡིག་རྒྱུགས་ལ་གྲ་སྒྲིག་བཅས་བྱེད་པའི“རང་མོས་དགའ་ཚལ”ཞིག་མཁོ་འདོན་བྱས་པ་དང་། “དཔེ་ཀློག་གི་དྲི་བསུང་འཐུལ་བའི་གནས་ཆུང”ཞེས་པའི་རིག་གནས་སྤུས་རྟགས་བཏོད་དེ་འབྲོག་མ་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་མཉམ་སྡེབ་ཀྱི་ཇ་ཁང་བཙུགས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་བསྐྲུན་པ། ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་སྤྱི་འདོམས་བྱས་ནས་དམངས་སྲོལ་རིག་གནས་དང་། “ཕུལ་བྱུང་གླུ་པ་གླུ་མ་བཅུའི”འགྲན་བསྡུར་ཆེན་པོ། རིག་རྩལ་སྐོང་འཁྲབ་སྣ་ཚོགས་བཅས་ལ་སྤྱི་འདོམས་བྱས་པ་དང་དེའི་ནང་མང་ཚོགས་ཞུགས་ཚད་མཐོ་རུ་བཏང་བ་རེད།

    སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“མུ་འབྲེལ་ཐབས་ཇུས”ཡག་པོ་སྤྱད་ཅིང་། ཁྲོམ་གཞུང་ཏང་གི་སློབ་གྲྭ་དམ་འཛིན་བྱ་གཞིར་བྱས་ནས་ཏང་ཡོན་ཚང་མར་རེས་མོས་གསོ་སྦྱོང་བྱས་པ་དང་། རིམ་རྩིས་བྱས་ན་མི་ཐེངས་600ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ངེས་སྦྱོང་སློབ་ཚན་ལ་བརྩིས་པ་དང་། གད་སྙིཌ་རིགས་དབྱེ་དང་། ཐོན་སྐྱེད་བདེ་འཇཌ། རིམས་ནད་སྔོན་འགོག་དང་ཚོད་འཛིན། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཟུར་ཁྲིད་སློབ་ཚན་དུ་བྱས་པ་མ་ཟད། 《དུས་རབས་གསར་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ》སྒྲ་ཕབ་བྱས་ནས་ལས་བྱེད་པ་དང་། མང་ཚོགས་ལ་དུས་དང་གནས་ངེས་མེད་དུ་སློབ་སྦྱོང་བྱེད་རྒྱུར་སྟབས་བདེ་བསྐྲུན་པ། ཁྲོམ་གཞུང་ཕྱོགས་བསྡུས་ལྟེ་གནས་ཀྱིས་གནས་ཆུང་ཕྱོགས་བསྡུས་ལྟེ་གནས་ཀྱི་སློབ་ཚན(ཕྱོགས་བསྡུས་ལྟེ་གནས་ཀྱི་ཞབས་ཞུའི་དོ་དམ་གསོ་སྦྱོང་འཛིན་གྲྭ)གཉེར་ཏེ། “འཛིན་གྲྭ་ཆུང་ངུའི”རྣམ་པའི་ཐོག་ནས་དུད་སྦྲེལ་འཐུས་མིར་རེས་མོས་གསོ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་པར་མི་1000ལྷག་ཙམ་རེས་མོས་གསོ་སྦྱོང་གི་སློབ་སྦྱོང་ནང་ཞུགས་པ། “མཉམ་དུ་གཞུང་ལས་སྒྲུབ་པ་དང་། སྐར་ཁུང་གཅིག་ནས་བདག་སྤྲོད་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་ཞུ་བའི”ལས་སྒྲུབ་ལས་སྟེགས་བཏོད་དེ། ཁག་བགོས་བཀོད་མངགས་ལམ་སྲོལ་བཙུགས་ནས“གཅིག་འཐུས་ཞབས་ཞུ་དང་། འགོ་ནས་མཇུག་བར་ལས་སྒྲུབ། གནད་དོན་ཐག་གཅོད་སྦབ་ཆ་གཅིག”ཐུབ་པ་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།