[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁྲེང་ཀོན་ཆུས་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས།

    ཁོངས་གཏོགས་སྲང་ལམ་གྱི་ཁོར་ཡུག་ལ་གཙང་སྦྲ་འཕྲོད་བསྟེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-29

    ཁོངས་གཏོཌ་ཁུལ་གྱི་ཡུལ་མིར་གཙང་ཞིང་གྲལ་འགྲིག་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་དང་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་སུ་འགྱུར་བ་བཅས་བྱ་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་ཁྲོམ་གཟིགས་སྒང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོས་འགོ་ཁྲིད་དེ་སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པ་དང་སྡེ་ཁུལ་གྱི་ལས་དོན་མི་སྣ་ཡོངས་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཀྱི་སྲང་ལམ་གཙོ་བོ་དང་མི་བགྲོད་ལམ་བུར་གཙང་སྦྲ་བྱས་པ་རེད།

    གཙང་སྦྲ་བྱ་ཡུལ་དུ་ཏང་ཡོན་དང་བླངས་པས་གཙང་སྦྲའི་ཡོ་བྱད་འཁྱེར་ནས་སྲང་ལམ་གཅིག་སྡུད་ཐོག་ཆུ་བཤལ་བཏང་བ་རེད། གཙང་སྦྲ་བྱེད་མཁན་ལ་ལས་ལག་ཏུ་འདེད་ཤུགས་ཆེ་བའི་ཆུ་མདའ་འཁྱེར་ནས་སྲང་ལམ་གང་སར་ལམ་ངོས་བཀྲུས་པ་དང་སྦྲགས་ལམ་ངོས་ཀྱི་གད་སྙིགས་དང་། སྦགས་བཙོག འཁྱིལ་ཆུ་སོགས་གཙང་ཕྱགས་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་ད་དུང་སྲང་ལམ་གཡས་གཡོན་གྱི་ཚོང་དུད་་ཀྱང་ཞུགས་ནས་ཐུན་མོང་ཐོག་སྡེ་ཁུལ་གྱི་ཁོར་ཡུག་གཙང་མ་ཞིག་སྐྲུན་ཆེད་ནུས་ཤུགས་ཡོད་རྒུ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།