[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས།

    གསར་བརྗེའི་གློག་བརྙན་ལྟ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-15

    ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་སྔར་བས་སྐུལ་མ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་གསར་བརྗེའི་གློག་བརྙན་ལྟ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་སྐབས་སུ་གློག་བརྙན《སྤུ་བདག་གི་ལམ་བུ》བསྟན་པ་དང་། གློག་བརྙན་དེ་ནི“རྩྭ་ཐང་གི་དཔའ་བོ”སྤུ་བདག་གི་ལོ་རྒྱུས་དངོས་ལ་བརྟེན་ནས་སྒྲིག་བཟོ་བྱས་ཤིང་། སྐབས་དེར་ཞིང་བྲན་ཡིན་པའི་སྤུ་བདག་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བཟོ་པ་ཞིག་ཏུ་གྱུར། ཕྱིས་སུ་ངོ་ལོག་ཟིང་འཁྲུག་སྐབས་ངོ་ལོག་ཇག་པས་བཟུང་སྟེ་ཁོང་གི་མིག་ཟུང་གདུག་རྩུབ་ཆེན་པོས་བཏོན་པ་རེད། འོན་ཀྱང་ཁོང་གིས་དད་སེམས་བརྟན་པོར་བརྟེན་ནས་འོད་ཟེར་སྟོང་ལྡན་གྱི་སྤྱི་ཚོཌ་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་ཚུལ་གསོན་ཉམས་དོད་པོས་བརྗོད་དེ། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་དང་སྒྱུར་བཅོས་སྒོ་དབྱེའི་དར་རྒྱས་གོང་འཕེལ་གྱི་ལམ་བུ་སླར་ཡང་མངོན་པར་བྱས་པ་རེད།

    གློག་བརྙན་བལྟས་ཚར་རྗེས། ཏང་ཡོན་མི་དམངས་ཉེན་རྟོག་པ་པད་མ་ཚེ་བརྟན་གྱིས“གློག་བརྙན་གྱི་ནང་དོན་ཚང་མ་སྔོན་གྱི་ལོ་རྒྱུས་དངོས་བརྗོད་ཡོད་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། གློག་བརྙན་ནང་སྤུ་བདག་བསྐྱབས་རྗེས་ཁོང་གིས་བརྗོད་པའི‘དགྲ་བོས་ངའི་མིག་འབྲས་བཏོན་ནའང་ང་ལ་ད་དུང་ཏང་གི་བཀའ་ལ་ཉན་པའི་རྣ་བ་དང་། ཏང་གི་ལམ་ཕྱོཌ་དང་། མཛད་ཕྱོཌ། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པའི་ཁ་ཡོད་པའི་ཁར། ད་དུང་གསར་བརྗེ་བྱེད་པའི་ལག་ཟུང་དང་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པའི་རྐང་པའང་ཡོད’ཅེས་པའི་སྐད་ཆ་དེས་བག་ཆཌ་ཟབ་མོ་བཞག་བྱུང་། བོད་ཀྱི་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་བ་དང་མིག་མཐོང་ལག་ཟིན་བྱུང་མཁན་ཞིག་གི་ངོས་ནས། ང་ཚོས་སྔོན་ཆད་ཀྱི་མུན་ནག་མི་བརྗེད་པ་བྱས་ནས་འོད་ཟེར་སྟོང་ལྡན་གྱི་བགྲོད་ལམ་ལ་ཡིད་ཆེས་བརྟན་པོ་བྱེད་དགོས”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།