[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གྲ་ནང་རྫོང་གིས“ཤུགས་སྣོན་དྲུག”ལ་བརྟེན་ནས་ཕྱོགས་ཡོངས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-15

    ཉེ་ཆར། གསར་འགོད་པར་གྲ་ནང་རྫོང་གི་འབྲེལ་ཡོད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གྲ་ནང་རྫོང་གིས་ཕྱོགས་དྲུག་ནས་ཤུགས་སྣོན་བརྒྱབ་སྟེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    གྲ་ནང་རྫོང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུཌ་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ནས་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་སྤྱོད་ཚུལ་ལེགས་གཏོང་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ལས་འགན་དང་། བརྟག་དཔྱད་ཞིབ་འཇུག དག་ཐེར་དོན་འཁྱོལ་སོགས་ལ་དམ་པོར་དམིགས་པ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་དང་དཀའ་གནད་ལ་གཅིག་སྡུད་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པ། ཞིབ་བཤེར་དང་བཅོས་སྒྲིག་རྒྱུན་མཐུད་མཐའ་འཁྱོངས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་དེ་ཚད་ལྡན་ཅན་དུ་འགྱུར་བར་བྱས་པ། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁོར་ཡུག་ལེགས་པོ་བསྐྲུན་པར་ཤུགས་སྣོན་བརྒྱབ་སྟེ། ནུས་པ་ཆེར་གཏོང་དང་། སྤྱོད་ཚུལ་ལེགས་གཏོང་། དངོས་སྒྲུབ་ལ་མཐོང་ཆེན་བཅས་ཀྱི་ཁོར་ཡུག་ལེགས་པོ་ནུས་ཤུགས་ཡོད་རྒུས་བཏོད་པ། སྐུལ་སྤེལ་ཞིབ་བཤེར་ལ་དམ་འཛིན་ནན་པོ་དང་གནོན་ཤུགས་མུ་མཐུད་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དོན་དག་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་དོན་དག་ཞིབ་ཕྲ་མངོན་ཐུབ་པའི་འགན་ལེན་བྱས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།